ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྐབས་བདུན་པའི་སྨན་པ་བཀའ་བཅུ་པའི་སློབ་ཐོན་མཛད་སྒོ།

ཕྱག་ཚོད་བཅུ་པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་དབུས་པའི་མཁན་སློབ་དགེ་བཤེས་འདུས་མང་རྣམས་དང་། སྐུ་མགྲོན་གཙོ་བོ་བལ་ཡུལ་གཞུང་གི་བཀའ་བློན་ཟུར་པ་ནཱ་ར་བྷ་དྷུར།

ལྗགས་འདུལ་གྲོང་སྡེ་ཡར་རྒྱས་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་ནཱ་རཱ་སེང་ཀོ་ར་ཡ། བལ་ཡུལ་སྭ་ར་སརྦ་ཏིས་རོགས་ཚོགས། ཧི་མ་ལ་ཡའི་ཨིམ་ཆི་ཚོགས་པ། གངས་ཅན་བདེ་རྩའི་དབུ་འཛིན། རྒྱལ་འཕགས་ས་གནས་འགོ་འཛིན། དབུས་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་མཆོད་རྟེན་སྨན་རྩིས་ཁང་གི་སྐུ་ཚབ།

རྒྱལ་སྤྱི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན། སྔར་སྲོལ་ནང་པའི་གསོ་རིག་སློབ་གྲྭའི་སྨན་དགེ། རྣམ་རྒྱལ་སློབ་གྲྭའི་སློབ་སྤྱི་དང་། དེ་བཞིན་འཚོ་བྱེད་ཀྱི་སྨན་པ་དང་སློབ་གྲྭ་ཁག་དང་ཚོགས་པ་སྐྱིད་སྡུག་གི་འགན་འཛིན་རྣམ་པ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་ལྷན་རྒྱས་སོགས་ཚང་འཛོམས་ཐོག་གསོ་རིག་འབུམ་བཞི་སློབ་གྲྭའི་དྲུང་ཡིག་ཚེ་རིང་གཡུང་དྲུང་ནས་བྱོན་པ་ལེགས་གསོལ་དང་སྐབས་བདུན་པའི་སྨན་པ་བཀའ་བཅུ་པའི་སློབ་ཐོན་མཛད་སྒོའི་མཛད་རིམ་གསལ་བསྒྲགས་ཞུས།

དེ་མཚམས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྲུབ་རྗེས། གསོ་རིག་འབུམ་བཞི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་སྐབས་བབ་སློབ་ཐོན་པ་རྣམ་པ་བཞིའི་སློབ་སྦྱོང་གི་རྒྱུད་རིམ་དང་། སྨན་པ་ཞིག་ལ་དགོས་པའི་ཆ་རྐྱེན། སྨན་གཞུང་ལས་གསལ་བའི་ནད་བཅོས་སོགས་ཀྱི་ལག་ལེན་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དགོས་ཚུལ་གྱིས་མཚོན་པའི་གསུང་བཤད་གནང་ཡོད་པ་དང་།

དེ་རྗེས་ལྗགས་འདུལ་གྲོང་སྡེ་ཡར་རྒྱས་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་ནཱ་རཱ་སེང་རོ་ཀ་ཡ། གངས་ཅན་བདེ་རྩའི་དབུ་འཛིན་དང་། སྨན་དགེ་གནམ་གསས་གྲགས་པ། བལ་ཡུལ་གཞུང་གི་བཀའ་བློན་ཟུར་པ་ནཱ་ར་བྷ་དྷུར་སོགས་གནད་ཡོད་མི་སྣ་ཁག་གིས་གསུང་བཤད་རིམ་པར་གནང་།

དེ་མཚམས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྐབས་བདུན་པའི་སྨན་པ་བཀའ་བཅུ་པའི་སློབ་ཐོན་སློབ་མ།

ཤེས་རབ་བྱམས་མ། བཀྲ་ཤིས་ལྷ་མོ། བསོད་ནམ་ལྷ་མོ། ཀརྨ་ཆོས་བཟང་བཅས་ལ་སྨན་པ་བཀའ་བཅུ་པའི་ཕྱག་འཁྱེར་བསྩལ་བ་དང་སྐབས་བབ་ཀྱི་སློབ་ཐོན་པའི་ལས་གནས་དང་སྨན་པ་ཞིག་གི་འགན་འཁྲི་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་།

མཇུག་མཐར་གསོ་རིག་འབུམ་བཞིའི་དྲུང་ཡིག་ཚེ་རིང་གཡུང་དྲུང་ནས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་མཇུག་བསྡུས་གཏམ་བཤད་མདོར་བསྡུས་དང་སྐབས་བདུན་པའི་བཀའ་བཅུ་པའི་སློབ་ཐོན་པ་རྣམ་པ་བཞི་ལ་སྐྱ་སེར་ཀུན་གྱིས་ཕན་ཐོགས་དང་མགུལ་དར་བསྒྲོན་ཏེ་མཛད་སྒོ་འདི་ཉིད་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་༢༠༡༨ ༠༤ ༠༧ སྤེལ།། །།

 

(སྤྱིའི་གཟིགས་གྲངས། 115 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ཚེས་ ༢…
error: རྩོམ་འདི་བདག་དབང་ཅན་ཡིན།