ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྐབས་བཅུ་གཅིག་པའི་སྨན་གྱི་སློབ་ཐོན་མཛད་སྒོ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༠༢ པའི་ཚེས་ ༢༦ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་དཀའ་བཅུ་པའི་སྨན་གྱི་སློབ་ཐོན་གཉིས་ལ་སློབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་གི་མཛད་སྒོ་འཚོག་ཡོད། དེ་ཡང་སྔ་དྲོའི་ཕྱག་ཚོད་༩དང་སྐར་མ་༤༠ཙམ་གྱི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་ཚོགས་མགོན་དུ་ཆིབ་བསྒྱུར་བསྐྱང་ཐོག མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་སྤྱིའི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན་སྨན་པ་བསྟན་འཛིན་དར་རྒྱས་ལགས་དང་།

ཧི་མ་ལ་ཡི་ཨེམ་རྗེ་ཚོགས་པའི་ཚོགས་གཞོན་དགེ་བཤེས་སྨན་ལྷ་ཕུན་ཚོགས་ལགས། ལྗག་འདུར་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་Narching rokaya chairman Jagadulla rural municipalityལགས། བལ་ཡུལ་བོད་མིའི་འབྲེལ་མཐུད་དོན་གཅོད་སྐུ་ཚབ་མཆོག དོལ་པོའི་གདོད་མའི་མི་རིགས་ཀྱི་ཚོགས་གཙོ་རྒྱལ་པོ་ཐར་པ། དོལ་པོ་བྷུ་དྷ་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་དབུ་འཛིན་སྐར་མ་ཆོས་འཕེལ་ལགས་། དབུ་འཛིན་གཞོན་པ་པད་མ་དབང་ཕྱུག་ལགས་དང་། དེ་བཞིན་དོལ་པོ་བྷུ་དྷ་གྲོང་སྡེ་དང་པོའི་དབུ་འཛིན་ཚེ་རིང་འགའ་ཕྲུག་དང་གྲོང་སྡེ་གསུམ་པའི་དབུ་འཛིན་ལྷག་པ་དང་།  ཤེལ་ཕུགས་གསུམ་མདོ་གྲོང་སྡེ་བརྒྱད་པའི་དབུ་འཛིན་ཉི་མ་སོགས་དང་། དེ་བཞིན་བོན་པོ་ཚོགས་པའི་ཚོགས་མི་ལྷན་རྒྱས། བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད། བཤད་སྒྲུབ་འདུས་སྡེའི་ལས་བྱེད།

གཞན་ཡང་དགེ་བཤེས་དང་སྒྲུབ་ཐོན་པ། སྨན་པ། འབྲེལ་ཡོད་མི་མང་བཅས་མཚན་ཉིད་པའི་ཚོགས་ཁང་དུ་འདུ་འཛོམས་བྱུང་རྗེས་མཛད་སྒོའི་གཙོ་སྐྱོང་བ་སྨན་གྱི་ལོ་རྒྱུས་དགེ་རྒན་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ལགས་ནས་བྱོན་པ་ལེགས་གསོལ་དང་བཅས་མཛད་རིམ་ངོ་སྤྲོད་གནང་། དེ་ནས་མཛད་རིམ་ལྟར་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་མཆོག་ནས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སྨན་གྱི་སློབ་ཐོན་པ་གཤེན་གྱི་དགེ་སྦྱོར་བ་གཙུག་ཕུད་རྒྱ་མཚོ་ལགས་དང་། སློབ་ཐོན་པ་ཉི་མ་ཀུན་རྒྱལ་ལགས་རྣམ་པ་གཉིས་ལ་དཀའ་བཅུ་པའི་སྨན་པའི་ཕྱག་འཁྱེར་དང་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་སོགས་བསྩལ་གནང་མཛད་པ་དང་། དེ་བཞིན་སྐྱབས་རྗེ་མཁན་སློབ་རྣམ་པ་ནས་རིམ་པར་མགུལ་དར་སོགས་བསྩལ་གནང་མཛད་རྗེས། མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་སྤྱིའི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན་སྨན་པ་བསྟན་འཛིན་དར་རྒྱས་ལགས་ནས་གསུང་བཤད་གནང་། དེ་རྗེས་ཧི་མ་ལ་ཡི་ཨེམ་རྗེ་ཚོགས་པའི་ཚོགས་གཞོན་དགེ་བཤེས་སྨན་ལྷ་ཕུན་ཚོགས་ལགས་ནས་གསུང་བཤད་གནང་།

དེ་རྗེས་དོལ་པོ་བྷུ་དྷ་གྲོང་སྡེ་དང་པོའི་དབུ་འཛིན་ཚེ་རིང་འགའ་ཕྲུག་ལགས་ནས་བཀའ་བཅུ་པ་ཉི་མ་ཀུན་རྒྱལ་ལགས་ལ་དོལ་པོ་བྷུ་དྷ་གྲོང་སྡེ་དང་པོའི་ངོས་ནས་ཐུགས་རྗེ་ལེགས་གསོལ་གྱི་དམིགས་བསལ་གཟེངས་བསྟོད་ཕྱག་འཁྱེར་གནང་། དེ་རྗེས་དོལ་པོའི་གདོད་མའི་མི་རིགས་ཀྱི་ཚོགས་གཙོ་རྒྱལ་པོ་ཐར་པ་ལགས་ནས་གསུང་བཤད་གནང་། དེའི་བར་ནས་སྨན་གྱི་ལོ་རྒྱུས་དགེ་རྒན་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ལགས་ཀྱི་བརྩམས་གནང་བའི་གསོ་རིག་སྨན་གྱི་ལོ་རྒྱུས་ཀྱི་དཔེ་དེབ་དེ་ཉིད་མཛད་སྒོའི་སྐུ་མགྲོན་རྣམ་པར་ཕྱག་རྟགས་སུ་ཕུལ།

དེ་ནས་ལྗག་འདུར་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་Narshing rokaya chairman Jagadulla rural municipalityལགས་ནས་གསུང་བཤད་གནང་། དེ་རྗེས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་མཛད་སྒོ་འདི་དང་འབྲེལ་བའི་ཐོག་བཀའ་སློབ་ཟབ་རྒྱས་སུ་བསྩལ་གནང་མཛད་གྲུབ་པ་དང་གསོ་རིག་འབུམ་བཞིའི་སྨན་གྱི་དགེ་རྒན་ཆེན་མོ་སྨན་རམས་པ་གནམ་གསས་གྲགས་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་མཛད་སྒོ་མཇུག་བསྡོམ་གནང་། དེ་རྗེས་མཛད་སྒོའི་སྐུ་མགྲོན་རྣམ་དང་སྨན་གྱི་སློབ་ཐོན་པ་བཅས་མཉམ་པར་སྒྲོན་རྗེས་མཛད་སྒོ་གྲོལ་ཞིང་དེ་ནས་མཛད་སྒོའི་སྐུ་མགྲོན་དང་མི་མང་ནས་སྨན་གྱི་སློབ་ཐོན་པ་རྣམ་པ་གཉིས་ལ་རྟེན་འབྲེལ་ལེགས་མཚོན་གྱི་མཇལ་དར་ཕུལ་བ་བཅས་ཀྱི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོ་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༦ ཉིན།

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 565 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།