ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ལོ་གསར་བཟང་།

ལོ་གསར་བཟང་།

གན༵མ་གྱི་གཟའ་སྐར་འཁོར་བགྲོད་རི་མོས་ས་ལ་ལོ་གསར་གཏན་ཚིགས་བཀྲ༵།།

ལོ༵་ཡི་འགོ་མ་འདི་ནས་ཟུངས་ཞེས་ཞང་བོད་རྒས་པོའི་ཁ་གཡང་ཤི༵ས།།

གས༵ར་དུ་འཛུམ་པའི་མེ་མོ་བྱ་ལོར་རྒན་དར་གཞོན་གསུམ་སྐུ་ཁམས་བདེ༵།།

ཚེ༵ས་པ་གཅིག་གི་ཁ་གཡང་ཐོག་མ་མེ་ལོང་ངོགས་སུ་བཏབས་པས་ལེ༵གས།།

ངེད་མེ་ལོང་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་མེ་མོ་བྱ་ལོའི་ལོ་གསར་ལ་འཚམས་འདྲི་ཞུ།བཀྲ་ཤིས་བདེ་ལེགས།ལོ་གསར་བཟང་།

ལོ་གསར།༡གནམ་ལོ་གསར་ཚེས།

གན༵མ་གྱི་གཟའ་སྐར་ས་གཞིའི་རྒྱན་དུ་བཀྲ༵།།

ལོ༵་ཟླའི་བྱ་བཞག་ཡར་ངོའི་ཟླ་ལྟར་ཤི༵ས།།

གས༵ར་རྙིང་སྤྱི་ཚོགས་འགལ་རྐྱེན་ཞི་ཞིང་བདེ༵།།

ཚེ༵ས་བཟང་དུས་ཀྱི་སྟོན་མོ་དགེ་ཞིང་ལེ༵གས།།

ཐ་ཚན་མུ་ཙུག་སྨར་རོ།།

ལོ་གསར།༢ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

གན༵མ་གྱི་སྐར་ཚོགས་དགུང་ལ་བཀྲ༵།།

ལོ༵་ཡི་ཕྱ་གཡང་མི་ལ་ཤི༵ས།།

གས༵ར་པའི་མི་ཚེའི་འབྱུང་ཁམས་བདེ༵།།

ཚེ༵ས་བཟང་དུས་སྟོན་དགེ་ཤིང་ལེ༵གས།།

འབྱུང་ལྡན་༣༠༡གི་ནང་ཚན་བགྲང་བྱ་ཉག་མ་༣༤མེ་མོ་བྱ་ཡི་ལོ་གསར་ལ་སྐུ་ཉིད་གཙོས་ནང་མི་ལྷན་རྒྱས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ། ནད་མེད་ཚེ་རིང་། བསམ་དོན་སྨོན་ལམ་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་བཅས་ཧྥ་རན་སིའི་བོན་གྱི་ཚོགས་སྡེ་གཤེན་བསྟན་དར་རྒྱས་གླིང་གི་དགེ་སློབ་ཐུན་མོང་ནས་ཕུལ།

ལོ་གསར།༣གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།

ཡེ༵་ཤེ༵ས་མིག་གཅིག་དྲི་མེད་རྣམ་པར་དག།

བཀྲ༵་ཤི༵ས་མཚན་དཔེའི་དཔལ་ཡོན་ལྷུན་ལ་རྫོགས།།

གས༵ལ་བྱེད་ཡུམ་ཆེན་ཤེས་རབ་བྱམས་མ་ཡིས།།

གླི༵ང་བཞི་སྐྱེ་དགུའི་འགྲོ་ལ་བདེ༵་ལེ༵གས་སྩོལ།།

བོན་ཚོགས་ཡེ་ཤེས་གསལ་གླིང་འདུས་སྡེའི་དགེ་སློབ་ཐུན་མོང་ནས་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ།

(སྤྱིའི་གཟིགས་གྲངས། 392 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། སྤྱིར་…
error: རྩོམ་འདི་བདག་དབང་ཅན་ཡིན།