ཁམས་པའི་སྨྱུག་ཚོགས་ནས་གདུང་སེམས་མཚོན་པའི་གསུང་འཕྲིན།
ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱུད་གསུམ་བསྟན་པའི་མངའ་བདག་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག ཉེ་ལམ་ཟླ་བ་འདིའི་ཚེས་༡༢ཉིན་བལ་ཡུལ་བྱེ་མ་རི་ཁྲོད་ཀྱི་དབེན་གནས་སུ་ཐུགས་དམ་གཡོ་བ་མེད་པའི་ངང་། དགོངས་པ་བོན་དབྱིངས་སུ་ཐིམས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག རིན་པོ་ཆེ་ཁོང་ནི་སྤྱིར་བོད་ཀྱི་རིག་གནས་དང་། ཡང་དགོས་གཡུང་དྲུང་བོན་གྱི་ཆོས་རིག་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་ལན་རིན་པོ་ཆེ་ཁོང་སྐུ་ཞི་བར་གཤེགས་པར་ངེད་ཁམས་པའི་སྨྱུག་ཚོགས་ཀྱི་ངོས་ནས་ཤུལ་ལུས་སློབ་འབངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད། རིན་པོ་ཆེ་ཁོང་གི་ཐུགས་དགོངས་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ།
ཁམས་པའི་སྨྱུག་ཚོགས་ནས་ཕྱི་ལོ་༢༠༢༥ཟླ་བ་༦ཚེས་༡༤་ཉིན།