༧སྨན་རིའི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་མཆོག་གིས་དཔེ་ཁྲིད་གནང་བ།
༧སྨན་རིའི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༠༩ ཉིན་ཨོ་སུ་ཊཱི་རིས་ཡ་ Austria ནང་གི་བོན་ཚོགས་ཡེ་ཤེས་གསལ་གླིང་དུ་ཕེབས་ནས་ཉིན་འགྱངས་གཉིས་རིང་བོན་སྐྱོང་བསྟན་སྲུང་མི་བདུད་འབྱམས་པ་ཁྲག་མགོའི་སྐོར་དཔེ་ཁྲིད་བཀའ་དྲིན་བསྐྱངས། དེ་ཡང་མི་བདུད་འབྱམས་པ་ཁྲག་མགོ་ཞེས་པའི་ཐ་སྙད་ཇི་ལྟར་ཐོགས་པའི་ཚུལ་དང་། ཆེ་མཆོག་དབལ་གསས་རྔམ་པའི་བཀའ་འོག་ཏུ་ཇི་ལྟར་བཙུད་པའི་ཚུལ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཁས་ལེན་ཇི་ལྟར་སྒྲུབ་པའི་ཚུལ། དེ་བཞིན་མི་བདུད་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་སྐུ་མདོག་ཕྱག་མཚན་གྱི་མཚོན་དོན་དང་ངོ་བོ། སྒྲུབ་པའི་གཤེན་པོ་དག་གིས་རེ་གསོལ་འདོད་དོན་ཇི་ལྟར་ཞུ་ཚུལ་བཅས་རྒྱུད་གཞུང་དང་བསྟུན་པའི་སློབ་ཁྲིད་གནང་བའོ། །
གནས་ཚུལ་སྙིང་བསྡུས་སུ་སྲིད་པའི་མིག་གིས་ཡེ་ཤེས་གསལ་བའི་གླིང་ཁ་ནས་ཕྱི་ལོའི་ ༢༠༡༦ ཟླ་ ༠༦ ཚེས་ ༡༢ ཉིན་མཚམས་སྦྱོར་ཞུས།