ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧གདན་ས་ཁྲི་བརྟན་ནོར་བུ་རྩེར་སྟོན་པའི་འཁྲུངས་མཆོད་ཆེན་མོ་ཚོགས་པ། 

བོད་ཤིང་འབྲུག་ལོའི་བོད་ཚེས་བཅུ་གསུམ་ཉིན་མཆོད་བཟོ་བྱས་ཤིང་ཚེས་བཅུ་བཞི་ཉིན་མོར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གཞུང་བསྲང་བ་དང་། ཚེས་བཅོ་ལྔ་ཉིན་ཞོགས་པ་སྔ་མོ་གསོ་སྦྱོང་འཚོགས་གནང་། ཀློང་རྒྱས་སྟོང་མཚན་ལྷོ་ཤར་ནས་འོག་ཕྱོགས་ཡན་དང་། ཆུ་གཏོར་བཅས་གསུང་གྲུབ་མཚམས་ཞོགས་འཚོགས་གྲོལ། དེའི་རྗེས་འདི་ལོའི་བཀའ་རམས་པ་རྣམས་ནས་རིག་གནས་ཀྱི་སྒྲ་འཁོར་རྣམས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་གཙོས་བཤད་སྒྲུབ་མཁན་སློབ་རྣམ་པར་སྤྱན་འབུལ་ཞུས་ཤིང་མཁན་སློབ་རྣམ་པས་ཞིབ་གཟིགས་མཛད་དེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གནས་བསྩལ། སྔ་དྲོའི་ཕྱག་ཚོད་བཅུ་ཐོག་སེར་ཕྲེང་བསྒྲིགས་ཏེ་བླ་གྲྭ་ལྷན་རྒྱས་གླིང་སྐོར་ལ་ཕེབས། དེ་རྗེས་མང་ཇ་འཚོགས་ཏེ་འདི་ལོའི་གཤེན་གྱི་དགེ་སྦྱོར་སྒྲུབ་ཐོན་པ་རྒྱལ་དབང་དྲང་སྲོང་ཤེས་རབ་དགེ་ལེགས་རྒྱ་མཚོ། ཅང་པ་དྲང་སྲོང་ཚུལ་ཁྲིམས་ཀུན་ཁྱབ་མཐར་ཕྱིན། དྲང་སྲོང་གཡུང་དྲུང་བསྟན་པ། དབུ་རི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དབང་པོ། ལྷ་ལྡོང་དྲང་སྲོང་བསོད་ནམས་ཚུལ་ཁྲིམས་དབང་རྒྱལ། དྲང་སྲོང་བསྟན་པ་ཚུལ་ཁྲིམས། དྲང་སྲོང་ཉི་མ་བསྟན་འཛིན་རྒྱལ་པོ། རག་ཤི་དྲང་སྲོང་ཐབས་མཁས་དཔལ་ལྡན་དབང་པོ། མ་ནི་གཡུང་དྲུང་མཐར་ཕྱིན་བཅས་འདུས་སྡེ་འདི་ཡི་སྒྲུབ་གྲྭར་ཞུགས་ཏེ་དུས་ཀྱི་བཅད་མཚམས་ཟིན་པའི་སྒྲུབ་ཐོན་རྟེན་འབྲེལ་གྱི་མཛད་སྒོ་དང་། དེ་བཞིན་གཞུང་ཆེན་ཁྲོ་བོ་རྒྱུད་དྲུག་ཆེད་སྦྱོང་པ་ཚུལ་ཁྲིམས་དྲི་མེད་ལགས་སློབ་ཐོན་རྟེན་འབྲེལ་མཛད་སྒོ་བཅས་འཚོགས། དགོང་མོ་སྐྱ་སེར་མི་མང་ཡོངས་ཀྱིས་རང་ནུས་གང་ཡོད་ཀྱི་སྒོ་ནས་ཕྱག་སྐོར་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་གང་ཟབ་གནང་ནས་འཁྲུངས་མཆོད་བསུས་ཤིང་དགེ་སྒྲུབ་སྡིག་སྤང་གི་བྱ་བར་བརྩོན་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས། ༢༠༢༤ ཟླ་བ་ ༠༡ ཚེས་ ༢༥ ཉིན་སྤེལ།། །།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 314 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་སྟེ…
error: རྩོམ་འདི་བདག་དབང་ཅན་ཡིན།