ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་ཡུ་རོབ་ཁུལ་དུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་པ།

གདུལ་བྱ་ཐར་པའི་ལམ་དུ་བཀྲི་བར་བྱེད་པར་དཔོན་གསས་བླ་མ་ལ་རག་ལས་ཤིང་། བླ་མ་དེ་ཡང་མཚན་ཉིད་དང་ལྡན་པ་ཞེས་མདོ་སྔགས་སེམས་གསུམ་གྱི་གདམས་ངག་ཆ་ཚང་བ་བླ་མ་གོང་མའི་རྒྱུད་ནས་ཐོབ་པ་དང་། དེ་བཞིན་ཁྲིད་ལུང་གི་རྒྱུད་པ་མ་ཡལ་བ། ཉམས་ལེན་གྱིས་རྒྱུད་ཐུལ་བ། གཏང་བཞག་གི་ཚོད་ལ་མཁས་པ་ཞེས་པ་སོགས་ཇི་ལྟར་གདམས་པའི་ལུང་གི་དགོངས་དོན་གྱིས་རྒྱུད་ཡོངས་སུ་ཕྱུག་པ་ནི་སྐབས་འདིའི་དཔོན་སློབ་རིན་པོ་ཆེ་ཞེས་པའི་མཚན་གྱི་གདག་གཞི་དེའོ། །

དེ་ཡང་བོན་གྱི་༧གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་འབྲེལ་ཡོད་དད་ལྡན་པ་རྣམས་ཀྱི་ཆེད་དུ་ལོ་བསྟར་ཡུ་རོབ་ཁུལ་དུ་ཕེབས་ནས་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན་པ་ལས་འདི་ལོ་ ༢༠༢༢ ཕྱི་ཟླ་ ༠༥ པའི་ཚེས་ ༡༥ ནས་ཕྱི་ཟླ་ ༠༧ པའི་ཚེས་ ༠༣ བར་ཟླ་ངོ་གསུམ་ཙམ་རིང་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དང་། བྷེལ་འཇམ། ཧོ་ལན་ཌའི་ཏ་པི་ཧྲི་ཙའི་བོན་ཚོགས་དང་ས་གནས་གཞན། ཧྥ་རན་སིའི་ལྷོ་ཕྱོགས་མར་སེལ་དང་། པོ་ལན་ཌའི་བྱམས་མ་གླིང་། རྒྱལ་ས་པ་རིས་བཅས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས། དེ་ཡང་རྩ་བའི་སློབ་ཁྲིད་ཀྱི་སྡེ་ཚན་ལོ་སྔ་མའི་ཁྲིད་ཀ་རྣམས་མུ་འབྲེལ་རྒྱུན་སྐྱོང་གནང་སྟེ་ལོ་ཙཱ་བ་ཧྥི་ལོར་རན་སི་དང་། སྐུ་བཅར་བ་དགེ་བཤེས་ལུང་རིག་རྣམ་དག་གཉིས་ཀྱི་ཕྱག་རོགས་དང་བཅས་ཏེ་སློབ་གཞིའི་མཛད་རིམ་རྣམས་བསྐྱངས་གནང་ཡོད། སྤྱིར་ནུབ་ཕྱོགས་ཀྱི་སློབ་མ་མང་ཆེ་བ་ནི་གཙོ་ཆེར་རྫོགས་ཆེན་ཉམས་ལེན་ལ་དོ་སྣང་ཤུགས་ཆེན་གནང་མཁན་ཞིག་ཡིན་པས། དེར་བསྟུན་དཔོན་སློབ་རིན་པོ་ཆེས་ས་གནས་སོ་སོར་སློབ་གཞི་རྫོགས་ཆེན་གྱི་སྐོར་བྲུ་རྒྱལ་བའི་ཕྱག་ཁྲིད་དང་། མེ་ལོང་བདུན་པ་གཉིས་གཙོས་གོ་སྒྲིག་ཞུ་མཁན་རྣམས་ཀྱིས་བརྡ་ཁྱབ་ཕུལ་བ་བཞིན་ས་གནས་སོ་སོར་དེར་བསྟུན་ཞལ་ཁྲིད་ཤིན་ཏུ་སྨར་བ་བཀའ་དྲིན་བསྐྱངས་གནང་ཡོད། སློབ་མ་རྣམས་ཀྱིས་ཀྱང་གོ་སྐབས་དམ་འཛིན་གནང་ཞིང་གདམས་ངག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་བྱུང་བ་ལྟར་དགྱེས་ཚོར་ཆེན་པོས་ཡི་རངས་ཀྱི་མེ་ཏོག་འཐོར་བཞིན་བསྐྱར་དུ་མུ་འབྲེལ་རེ་སྐུལ་ཞུ་བཞིན་པ་ལགས། དེ་རིང་སྟེ་ཕྱི་ཟླ་ ༠༧ པའི་ཚེས་ ༠༨ ཉིན་ནུབ་ཕྱོགས་ཁུལ་དུ་རེ་ཤིག་བསྟན་འགྲོའི་མཛད་དོན་གྲུབ་ནས་༧གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གྲྭ་ཚང་འདུས་པ་རྒྱ་མཚོས་ཕེབས་བསུ་དང་བཅས་ཏེ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།

སྲིད་པའི་མིག་ཅེས་པས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༠༨ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 767 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཆོད་རྟེན་…
error: རྩོམ་འདི་བདག་དབང་ཅན་ཡིན།