ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གིས་བཀའ་དབང་དབུ་འཛུག་གནང་བ།

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་འདི་ལོའི་ཟླ་ལྷག་གི་དུས་ཚོད་དང་བསྟུན་དམིགས་བསལ་བཀའ་དབང་གྲ་སྒྲིག་ཡོད་པའི་ལས་རིམ་སྔོན་འཆར་གསལ་བརྡ་སྤེལ་བ་བཞིན། ཕྱི་ལོ་ ༢༠༡༩ ༠༢ ༢༦ ཉིན་ཀྱི་ཕྱི་དྲོ་ཕྱག་ཚོད་དང་པོའི་ཐོག་གདན་སའི་མཁན་སློབ་དང་འདུས་མང་ལྷན་འཛོམས་ཐོག ༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་དཔོན་གསས་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བཀའ་དབང་ཟབ་མོ་དབུ་འཛུགས་གནང་སྟེ་ཡང་གསང་རིག་འཛིན་བོན་སྐོར་ལས་ཚེ་དབང་གཞུང་བཞིའི་བཀའ་དབང་གནང་བ་དང་། རིམ་བཞིན་ཚེ་དབང་བོད་ཡུལ་མ་དང་། མ་རྒྱུད་གསང་མཆོག་མཐར་ཐུག་གི་དབང་བཞི་སོགས་གསང་བ་ཡང་གསང་གི་བཀའ་དབང་ཟབ་མོ་ཁྱད་པར་ཅན་རྣམས་དུས་ཚོད་གང་འགབ་དང་བསྟུན་ནས་གནང་འཆར་ཡོད་པ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༠༢ ༢༦ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 2,671 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
His Eminen…
error: རྩོམ་འདི་བདག་དབང་ཅན་ཡིན།