ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

༄༅་། །འཛམ་གླིང་གང་སར་གནས་བཞུགས་གཡུང་དྲུང་བོན་གྱི་དད་ལྡན་མི་མང་རྣམས་དང་། འབྲེལ་ཐོགས་ཡོངས་ལ་ཆེད་ཞུ།

༧ སྤྱིར་བོད་ཀྱི་ཆོས་དང་རིག་གནས་དང་ལྷག་པར་དུ་རང་ཅག་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་འགྲན་ཟླ་བྲལ་ཅིང་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རྒྱལ་སྲས་གཡུང་དྲུང་སེམས་དཔའི་སྐུ་རུ་བཞེངས་ཏེ་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་འཁུར་དུ་བཞེས་ནས་ད་ལོ་དགུང་གྲངས་བརྒྱ་ལ་ཕེབས་པའི་བརྒྱ་སྟོན་རྟེན་འབྲེལ་ཞུ་བའི་སྐལ་བཟང་རང་ཅག་རྣམས་ལ་བྱུང་ཡང་།

ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་ ༢༦ ཙམ་ནས་སྙུན་གཞི་བཞེས་པར་སྨན་བཅོས་རིམ་པ་ཇི་ལྟར་ཞུས་ཀྱང་དགུང་ལོའི་བབས་ཀྱིས་ཕན་པ་ཆེར་མ་བྱུང་བར་བརྟེན། དེ་རིང་བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༡༦ ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༧ དང་སྐར་མ་ ༤༥ ཐོག་བལ་ཡུལ་དུ་ ༧ སྐྱབས་རྗེ་མཆོག་གི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པའི་བློ་ཕམ་གྱི་གནས་ཚུལ་ཞུ་རྒྱུ་དང་།

༧ དམ་པ་མཆོག་ནི་རིང་ནས་རྫོགས་པ་ཆེན་པོའི་ཀློང་སྒོམ་མངོན་དུ་གྱུར་ཏེ་སྐྱེ་འཆིའི་འཆིང་བ་ལས་གྲོལ་ཀྱང་རང་ཅག་གདུལ་བྱ་རྣམས་ཀྱི་རྟག་འཛིན་སུན་ཕྱུང་བའི་ཕྱིར་གདོས་བཅས་སྐུ་ཡི་བཀོད་པ་བསྡུས་པ་ཙམ་ལས་ཟག་མེད་མཁྱེན་བརྩེའི་ཕུང་པོས་རྣམ་པ་ཀུན་ཏུ་འགྲོ་དོན་རྒྱུན་ཆད་མེད་པར་མཛད་བཞིན་བཞུགས་པར་བརྟེན། དད་ལྡན་རྣམས་ནས་མོས་གུས་བློ་རྩེ་གཅིག་བསྒྲིལ་གྱིས་གསོལ་འདེབས་སྨོན་ལམ་གང་ཐུབ་ཞུས་ན་རང་ལ་བྱིན་རླབས་འཇུག་ཅིང་བླ་མའི་ཐུགས་དགོངས་རྫོགས་པར་གདོན་མི་ཟ་བས་དེ་ལྟར་རང་ནུས་གང་ལྕོག་གནང་རྒྱུ་གལ་ཆེན་ཡིན་པའི་གཞེན་བསྐུལ་ཞུ་རྒྱུ་དང་།

 

རྗེས་འཇུག་མཆོད་འབུལ་སོགས་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་རྗེས་སུ་རིམ་པར་ཞུ་རྒྱུ་བཅས།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་ལས་སྣེ་རྣམས་དང་འདུས་སྤྱི་ཐུན་མོང་ནས་བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༡༦ ༢༠༢༥ ཟླ་ ༦ ཚེས་ ༡༢ ཉིན།

 

To all devoted followers of Yungdrung Bön around the world, and all connected communities,

With deep sorrow and heartfelt reverence, we announce the passing of our most beloved and revered master:

His Eminence Menri Yongdzin Lopon Tenzin Namdak Rinpoche, the sovereign master of the three lineages—Sutra, Tantra, and Dzogchen—who throughout his extraordinary life embodied the boundless compassion and wisdom of a true Bodhisattva. His Eminenece dedicated every moment of his 100 precious years to the preservation, flourishing, and transmission of Tibetan religion and culture, and especially the sacred teachings of Yungdrung Bön.

His Eminence began experiencing illness around April 26. Despite receiving all necessary medical care, the treatments brought only limited relief due to the natural effects of advanced age. Then, today—on the 16th day of the sacred Saga Dawa month in the Tibetan Wood Snake year, June 12, 2025, at 7:45 AM—at his retreat residence in Jema Ritrö, Kathmandu, Nepal, His Eminence peacefully entered parinirvana while resting in unwavering meditation, thus revealing the profound truth of impermanence.

Though His physical form has dissolved, His stainless wisdom and boundless compassion remain ever-present. Having long realized the vast expanse of Dzogchen meditation, His Eminence transcended the confines of birth and death. Yet, for the sake of his devoted disciples, he chose to reveal this transition to inspire deeper understanding and renunciation of attachment to permanence. His enlightened activity continues uninterrupted for the benefit of all sentient beings.

To those with sincere faith, we encourage you to offer prayers and aspirations with one-pointed devotion. By doing so, blessings will certainly arise, and the enlightened intentions of the Lama will surely be fulfilled.

Details regarding upcoming ceremonies and funeral offerings will be shared in due course.


With united hearts,
The Abbot, Teachers, Monastic Community, and Lay Members
of the Triten Norbutse Monastery

16th day of Saga Dawa, Year of the Wood Snake
June 12, 2025

 

(སྤྱིའི་གཟིགས་གྲངས། 1,990 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉེ་ལམ་སྡེ་…
error: རྩོམ་འདི་བདག་དབང་ཅན་ཡིན།