ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཁན་སློབ་སྟོན་འཁོར་རྣམས་ཤེས་རིག་ཕུན་ཚོགས་གླིང་དུ་ཕེབས་ནས་འཚམས་གཟིགས་དང་རབ་གནས་གནང་བའི་གནས་བསྡུས།

ཕྱི་ཚེས་ ༢༨ ཉིན་༸སྐྱབས་རྗེ་སྨན་རིའི་མཁན་ཆེན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཞོགས་པ་ཕྱག་ཚོད་དགུ་ཙམ་ཐོག་ཤེས་རིག་ཕུན་ཚོགས་གླིང་དུ་ཞབས་སོར་འཁོད་པ་དང་། གངས་ཅན་ཏི་སེ་རྒྱལ་སྤྱི་སློབ་གྲྭའི་དགེ་སློབ་ལྷན་རྒྱས་ཀྱིས་དྲི་མེད་དར་དཀར་དང་ལྷ་བསང་དུད་པས་སྤྱན་དྲངས་ཤིང་བདེ་ཆེན་རྒྱལ་པོ་དབྱངས་སུ་གྱེར་བཞིན་ཕེབས་བསུ་ཞུས། སློབ་གྲྭའི་ཐོག་ཁང་དུ་ཁྲི་རུ་བཞུགས་སུ་གསོལ་རྗེས་དགེ་སློབ་རྣམས་ཀྱིས་མཇལ་ཁ་ཞུ་བཞིན་༸སྐྱབས་ཀྱི་རྗེ་བཙུན་༸ཡོངས་འཛིན་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དབྱངས་ལ་བསྐྱོན།

དེ་རྗེས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ཤེས་རིག་ཕུན་ཚོགས་གླིང་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་དང་། སློབ་གྲྭའི་དགེ་རྒན། ལས་བྱེད་རྣམས་པ་བཅས་ངོ་སྤྲོད་སྙན་སྒྲོན་ཞུས། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཁན་ཆེན་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་བཀའ་སློབ་གནད་བསྡུས་བཀའ་དྲིན་བསྐྱངས། དེ་རྗེས་སློབ་ཁང་དང་། ལས་ཁང་སོགས་ཐོག་འོག་བར་གསུམ་གྱི་ཤག་སྐོར་རྣམས་ལ་འཚམས་གཟིགས་དང་རབ་གནས་གནང་། དེ་ནས་སློབ་ཁང་ཕྱི་རུ་བསང་གསོལ་བཏང་ཞིང་དར་ཆེན་སྒྲོན་འཛུགས་ཞུས་ནས་ཀྭི་བསྭོ་ལྷ་རྒྱལ་འཐེན་པ་དང་། བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར། ཉིན་གུང་གི་གསོལ་ཚིགས་སྟབས་བདེ་ཞུས་གྲུབ་རྗེས་ས་གནས་གནམ་ཐང་བརྒྱུད་ལྡི་ལིར་ཞབས་སོར་བདེ་བར་བཀོད་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས ༢༠༡༨ ༠༣ ༣༡ཉིན།

(སྤྱིའི་གཟིགས་གྲངས། 89 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ཤེས་རིག་ཕ…
error: རྩོམ་འདི་བདག་དབང་ཅན་ཡིན།