ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གྱི་བྱེད་སྒོ་སྤེལ་བ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ལོ་བསྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་འདྲ་མིན་སྤེལ་གྱི་ཡོད་པ་ལས། གལ་ཆེ་བ་གཅིག་ནི་ནད་གཞི་སྔོན་འགོག་དང་སྨན་བཅོས་ལས་འགུལ་དེ་ཡིན་པར་སོང་། འདི་གའི་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་ལགས་ཀྱིས་དབུ་ཁྲིད་དེ་ཕྱི་ལུགས་ཀྱི་སྨན་པ་གདན་འདྲེན་ཞུ་ནས་དགེ་འདུན་པ་དང་མི་མང་ཚོར་རིན་མེད་ཐོག་ན་ཚ་བརྟག་དཔྱད་གནང་ཞིང་ནད་གཞི་སྔོན་འགོག་དང་ནད་པ་རྣམས་ལ་སྨན་སྦྱིན་ཞུ་བའི་ལས་གཞི་སྤེལ་གྱི་ཡོད། འདི་ལོའི་ ༢༠༡༨ ཕྱི་ཟླ་ ༠༡ ཚེས་ ༢༧ ཉིན་ཌོག་ཊོར་ རེ་ཌི་སུའི་ (Dr.Reddys clinic) སྒོ་བསྟེན་སྨན་ཁང་དང་།

ཨིན་ཊར་ནཱེ་ཤོན་ནལ་གྷ་རཱན་ཌའི་(internationel.   Grande hospital)སྨན་ཁང་གཉིས་ནས་རྒྱབ་སྐྱོར་ཐོབ་པ་དང་སྦྲགས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འཕྲོད་བསྟེན་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་དབུ་ཁྲིད་དེ་འཕྲོད་བསྟེན་སྡེ་ཚན་གྱིས་གོ་སྒྲིག་འོག་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་ནང་གྷ་རཱན་ཌའི་སྨང་ཁང་ Grande hospital ནས་ཕྱི་ལུགས་ཀྱི་སྨན་པ་ལྔ་གདན་འདྲེན་ཞུས་པ་དང་།

དེ་བཞིན་བལ་བོད་མི་མང་མི་ཉུང་བ་ཞིག་ལ་སྐབས་འདིར་གཙོ་བོ་ཕོ་ནད་དང་མཆིན་ནད་གཙོས་ནད་གཞིའི་རིགས་ཡོད་མེད་བརྟག་དཔྱད་དང་ལྷན་དུ་སྨན་སྦྱིན་གནང་། བརྟག་དཔྱད་གནང་རྗེས་སྨན་པ་རྣམས་ལ་འཕྲོད་བསྟེན་འགན་འཛིན་གྱིས་ཐུགས་རྗེ་ལེགས་གསོལ་ཞུས་ཏེ་མགུལ་དར་སྒྲོན་པ་བཅས་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གྱི་མཛད་སྒོ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེ་ནས་ ༢༠༡༨ ཕྱི་ཟླ་ ༠༡ ཚེས་ ༢༧ ཉིན་སྤེལ།། །།

པར་པ། ཁྱུང་ཁྲི་ལྡེ། དཔལ་གྱི་དབང་ཕྱུག

(སྤྱིའི་གཟིགས་གྲངས། 49 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གངས་དཀར་ལྷ…
error: རྩོམ་འདི་བདག་དབང་ཅན་ཡིན།