ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཆེས་མཐོའི་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་ཕྲུག་རྣམས་ཀྱིས་ལོ་འཁོར་བཤད་རྒྱུགས་ཐེངས་གཉིས་པ་ཕུལ་བའི་སྐོར།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་ཕྲུག་རྣམས་ཀྱིས་ལོ་འཁོར་བཤད་རྒྱུགས་ཐེངས་གཉིས་པ་ཕུལ་བའི་སྐོར།

པར་པ་ཏི་སེའི་བུ།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཕར་ཕྱིན་འཛིན་གྲྭ་ཡན་ཆོད་ནས་འཆར་ཅན་བཞིན་བདུན་ཕྲག་གི་བགྲོ་གླེང་རེས་མོས་བྱེད་ནས་བཤད་དགོས་པ་དང་། འདི་ལོར་དམིགས་བསལ་འཛིན་རིམ་འོག་མ་རྣམས་སྐད་ཡིག་གི་རྨང་གཞི་སྲ་བརྟན་ཡོང་བ་དང་།  ལོ་རྒྱུས་དང་རྒྱུན་ཤེས་སྐོར་ལ་དོ་སྣང་འབྱུང་ཕྱིར་དམིགས་ནས་ལོ་རེར་བགྲོ་གླེང་བཤད་རྒྱུགས་ཐེངས་གཉིས་རེ་གཏོང་རྒྱུའི་འཆར་གཞི་བྱུང་བ་བཞིན།  

༢༠༡༨ ༡༢  ༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་བརྒྱད་པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་དང་དགེ་རྒན་རྣམ་པ། བཤད་སྒྲུབ་འདུས་སྡེའི་ལས་བྱེད་ལྷན་འཛོམས་ཐོག་འཛིན་རིམ་འོག་མའི་བཤད་རྒྱུགས་ཐེངས་གཉིས་པ་དང་འབྲེལ། 

ཚད་མ་ལོ་རིམ་དང་པོ་དང་གཉིས་པའི་འཛིན་གྲྭ་རྣམས་ཀྱིས་སྟོན་པའི་རྣམ་ཐར་དང་། བསྟན་འབྱུང་། རྒྱལ་རབས་སོགས་ནས་བགྲོ་གླེང་བཤད་རྒྱུགས་ཕུལ་ཏེ་བགྲོ་གླེང་བརྗོད་གཞི་དང་འབྲེལ་བ་ཡོད་མེད་དང་། བཤད་བྱ་གྲ་སྒྲིག་ཚགས་ཚུད་མིན། བཤད་སྟངས་ཀྱི་གོ་རིམ། ཐ་སྙད་བེད་སྤྱོད་བྱེད་སྟངས་སོགས་ལས་དཔག་པའི་སྐར་གྲངས་བརྒྱ་ཆ་སྤྲད་དེ་ཕྱག་ཚོད་ ༡༢ ཐོག་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༨ ༡༢  ༡ ཉིན་སྤེལ།།  །།

(སྤྱིའི་གཟིགས་གྲངས། 261 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།