ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་དགུ་གཏོར་ཆེན་མོ།

སྤྱི་ལོ་ ༢༠༡༩།༠༢།༠༡། ནས་བཟུང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དགུ་གཏོར་ཆེན་མོ་འཚོགས་ནས་སྤྱི་ཚེས་༠༣ཉིན་ཁྲོ་ཕུར་དགུ་གཏོར་གྱི་མདོས་རྒྱག་གནང་ཡོད། ཁྲོ་ཕུར་དགུ་ཟློག་ཆེན་མོ་ནི་ལོ་རེའི་ལོ་མཇུག་གི་ཉི་ཤུ་དགུ་ལ་གཏོར་རྒྱག་བྱེད་པའི་བོན་ཆོས་ཀྱི་བྱེད་སྒོ་ཞིག་ཡིན། རྩ་བའི་དགུ་ཟློག་བྱེད་པའི་དམིགས་སྒོ་ནི་སྐྱེ་འགྲོ་བདེ་སྐྱིད་ཀྱི་ཆེད་དུ་སྟེ། རྒྱལ་ཁམས་ཀྱི་ནད་མུག་འཁྲུག་རྩོད་ཞི་བ་དང་། རྐྱེན་དང་བར་ཆོད་ཟློག་པ། བསམ་དོན་སྨོན་ལམ་འགྲུབ་པ།

རང་གཞན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་མཐུན་རྐྱེན་དགེ་བའི་བསྐུལ་མ་ཞིག་དང་། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བར་ཆོད་བྱེད་པའི་སྡང་དགྲ་གནོད་བགེགས་ཐམས་ཅད་ཞི་བདེ་སངས་རྒྱས་ཀྱི་ས་རུ་འགོད་པར་བྱེད་པའི་ཐབས་ལམ་ཞིག་ཡིན།

དེ་ཡང་ཡི་དམ་ལྷ་དང་སྲུང་མ་དམིགས་པའི་རྟེན་དང་མཆོད་པའི་རྫས་ཕུན་སུམ་ཚོགས་པ་གྲབས་སུ་བྱེད་ནས་འདོད་གསོལ་གྱི་རེ་དོན་ཞུ་སྟེ་གནོད་བྱེད་མི་མཐུན་པའི་ཚོགས་རྣམས་མཐའ་རུ་བཀར་བའི་འཕྲིན་བཅོལ་དང་ལས་ཐབས་སྦྲགས་མའི་སྒོ་ནས་རང་གཞན་གྱི་རྣམ་རྟོག་སེལ་བའི་ལོ་དུས་ཀྱི་རིམ་གྲོ་གལ་ཆེན་ཞིག་གོ། ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་གི་དགེ་སློབ་རྣམས་ཀྱིས་ཀྱང་ལོ་རེའི་འཆར་ཅན་ལྟར་ཧོར་ཟླ་ ༡༢ ཚེས་ ༢༦ ནས་ཀུན་གསལ་བྱམས་མ་ཆེན་མོའི་ལས་ཚོགས་སྟ་གོན་གྱི་ལས་རིམ་དབུ་འཛུགས་ཞུས་ཤིང་ཚེས་ ༢༧ དང་ ༢༨ གཉིས་ལ་གཞུང་བསྲངས་པ་དང་། ཚེས་ ༢༩ ཉིན་ཀུན་གསལ་བྱམས་མ་ཆེན་མོའི་དགྲ་བྱད་གཉིས་ཀྱི་གཏོར་ཟློག་གི་ལས་མཐའ་དང་བཅས་ཏེ་དགུ་གཏོར་རིམ་གྲོ་ལེགས་སྒྲུབ་ཞུས་པའི་གནས་བསྡུས་སུ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ནས་ ༢༠༡༩།༠༢།༠༣ ཉིན་སྤེལ།

གནས་བསྡུས་དང་པར་རིས་མཁོ་འདོན་གནང་མཁན། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,316 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།