ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་ཆོས་དཔྱད་བསྡུར་ཞེས་པའི་རྩོམ་གསར་ཐོན་འདུག

༄༅། །མདོ་སྨད་སྣང་ཞིག་དགོན་ཆེན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་རྒྱ་ཤོད་ཤེས་རབ་རྒྱ་མཚོ་མཆོག་གིས་དཔྱད་དེབ་(བོན་ཆོས་དཔྱད་བསྡུར་)ཞེས་པའི་དཔྱད་རྩོམ་ཕྱོགས་བསྡུས་ཤིག་སྤེལ་གནང་འདུག རྩོམ་འདི་ནི་ཁོང་གིས་གྲུབ་མཐའི་ཞེན་འགོག་གི་འཁྱོག་བཤད་དང་། གཞན་གྱི་ཁ་སྒམ་བསྒྲུགས་པ་ཙམ་མ་ཡིན་པ་ཕྱོགས་གཉིས་ཀའི་དཔེ་ཆ་ལ་དངོས་སུ་གཟིགས་རྟོགས་གནང་སྟེ། རིས་མེད་གུ་ཡངས་ཀྱི་བསམ་བློའི་ཐོག་ནས་རང་གི་རྣམ་དཔྱོད་བེད་སྤྱད་ནས་ཞིབ་འཇུག་གནང་བའི་ལེགས་རྩོམ་ཞིག་ཡིན་པས་གདེང་འཇོག་ཚད་མཐོར་བྱེད་འོས་ཀྱི་རིན་ཐང་ལྡན་ཡོད་པ་མ་ཟད། དེང་གི་ཞིབ་འཇུག་པའི་དཔྱད་གཞིའི་ས་བོན་ཞིག་ཀྱང་བསྐྲུན་ཡོད་པ་རེད། དཔྱད་བྱའི་སྐོར་ནི། བོན་གྱི་《ཁམས་ཆེན་》དང་བན་དེའི་《ཡུམ་འབུམ་》གཉིས། 《སྲིད་པའི་མཛོད་ཕུགས་》དང་《ཆོས་མངོན་པའི་མཛོད་》གཉིས། བོན་དང་ཆོས་པའི་འདུལ་གཞུང་གཉིས། གསོ་རིག་《འབུམ་བཞི་》དང་《རྒྱུད་བཞི་》བཅས་ཀྱི་སྐོར་ནས་ཕན་ཚུན་དབྱེ་ཞིབ་དཔྱད་འཚོལ་གནང་སྟེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཉིས་པ། སྤྱི་ལོ་ ༢༠༡༦ ལོའི་མཐོ་རམས་པའི་མཐར་ཕྱིན་ཡོན་གནས་ཀྱི་རྩོམ་དུ་བྲིས་པ་དང་། མིག་སྔར་འཕྲུལ་དེབ་ཐོག་ཏུ་སྤེལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ ༢༠༡༧།༢།༢ ཉིན་ཏི་སེའི་བུ་ནས།

(སྤྱིའི་གཟིགས་གྲངས། 32 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། ༢༠༡༧། …
error: རྩོམ་འདི་བདག་དབང་ཅན་ཡིན།