ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྐབས་ཉེར་དགུ་བའི་བྲིས་རྒྱུགས་ཆེན་མོ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་ལོ་རེར་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བཤད་གྲྭའི་སློབ་གཉེར་བ་ཡོངས་རྫོགས་མཉམ་དུ་གཏོང་དགོས་པས། ཡིག་རྒྱུགས་ཀྱི་ཆེད་དུ་སློབ་གཉེར་བ་རྣམས་ཟླ་བ་གཅིག་གི་རིང་སྐབས་བབ་བསླབ་བྱའི་རྩ་འགྲེལ་རྣམས་ལ་ཆེད་དམིགས་ཀྱིས་སྦྱོང་བརྡར་བྱེད་ནས་རྒྱུགས་སྤྲོད་གཏོང་སྲོལ་ཡོད། འདི་ལོར་སྐབས་ཉེར་དགུ་བའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོགཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༨ པའི་ཚེས་ ༡༤ ཉིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་རྣམ་པ་དང་དགེ་བཤེས་རྣམ་པ་བཅས་ཀྱིས་སྟངས་འཛིན་འོགཞོགས་པའི་ཕྱག་ཚོད་ ༦ དང་སྐར་མ་ ༣༠ ཐོག་རྒྱུགས་ཞུགས་པ་རྣམས་ཐོ་འགོད་གནང་སྟེ། རྒྱུགས་སྤྲོད་དོ་དམ་མི་སྣས་རྒྱུགས་ཞུགས་རྣམས་ནས་ཤོག་འཛར་སོགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་དང་འགལ་བའི་རིགས་ཁུར་ཡོད་མེད་ལུས་བཤེར་བྱས་ཏེ་རྒྱུགས་སྤྲོད་ར་བའི་ནང་དུ་ཨང་རིམ་བཞིན་སོ་སོའི་བཞུགས་གྲལ་དུ་འཁོད་དེ་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་བཀྲམས། དེ་རྗེས་ཕྱག་ཚོད་ ༧ པའི་ཐོག་སྒྲུབ་གྲྭའི་དགེ་སྐོས་མཆོག་ནས་རྒྱལ་རྔས་བརྡ་བཏང་སྟེ་རྒྱུགས་སྤྲོད་བྱེད་འགོ་ཚུགས། རྒྱུགས་སྤྲོད་ལ་དངོས་སུ་ཞུགས་མཁན་གྱི་སློབ་གཉེར་བ་ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རིམ་བཅུ་གསུམ་གྱི་སློབ་འཆར་རེའུ་མིག་ལྟར་ཚད་མ་ལོ་རིམ་དང་པོའི་འཛིན་གྲྭ་ནས་རྫོགས་ཆེན་གོང་མའི་འཛིན་གྲྭ་བར་གྱི་སློབ་གཉེར་བ་རྣམས་རྒྱུགས་ཁོངས་སུ་ཞུགས་ཡོད།

དེ་བཞིན་གཞི་རིམ་སྔོན་འགྲོའི་སློབ་ཕྲུག་རྣམས་ལོ་ལྟར་ཟླ་བ་དྲུག་རེའི་མཚམས་ནས་རྒྱུགས་སྤྲོད་གཏོང་སྲོལ་ཡོད་པ་དང་། སློབ་ཚན་ལའང་བོད་ཡིག་དང་། བལ་སྐད། སྤྱིར་བཏང་ཚན་རིགཨང་རྩིས། དབྱིན་སྐད། སྤྱི་ཚོགས་ཚན་རིགཡིག་གཟུགས། རིག་ལམ།གཏམ་བཤད་བཅས་ཡོད་པ་རྣམས་དགེ་རྒན་གྱིས་སློབ་སྟོན་ཇི་ལྟར་གནང་བ་ལྟར་སྦྱོང་བརྡར་འབད་བརྩོན་ཧུར་ཐག་གནང་སྟེ་སློབ་སྦྱོང་ཡར་སྐུལ་ཆེད་འཆར་ཅན་ལྟར་ཟླ་དྲུག་མཚམས་སུ་རྒྱུགས་སྤྲོད་བཏང་དང་གཏོང་མུས་སུ་ཡིན་པ་དང་། འདི་ལོ་ཡང་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་གཙོས་དགེ་ལས་རྣམ་པའི་དབུ་ཁྲིད་འོག ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༨ ཕྱི་ཚེས་ ༦ ཉིན་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་འགོ་བརྩམས་ཏེ་ཉིན་དེར་དབྱིན་ཇིའི་སྐད་ཡིག་རྒྱུགས་སྤྲོད་བྱས་པ་དང་། ཕྱི་ཚེས་ ༧ ཉིན་སྔ་དྲོ་བལ་པོའི་སྐད་ཡིག་རྒྱུགས་སྤྲོད། ཕྱི་དྲོ་རི་མོ། ཕྱི་ཚེས་ ༨ ཉིན་སྤྱི་ཚོགས་ཚན་རིག་རྒྱུགས་སྤྲོད། ཕྱི་དྲོ་ཡིག་གཟུགས། ཕྱི་ཚེས་ ༩ སྤྱི་ཚོགས་ཚན་རིག་དབྱིན་སྐད་ཐོག་རྒྱུགས་སྤྲོད། ཕྱི་དྲོ་ཨང་རྩིས། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་རིག་ལམ། ཕྱི་དྲོ་བགྲོ་གླེང་། ཕྱི་ཚེས་ ༡༡ དཔེ་ཆ་ཀློག་འདོད་རྒྱུགས་སྤྲོད། ཕྱི་ཚེས་ ༡༤ ཉིན་བོད་ཡིག་རྒྱུགས་སྤྲོད་བཏང་སྟེ་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ ཉིན་སྤེལ།

པར་པ་ཁྱུང་རྒོད།

(སྤྱིའི་གཟིགས་གྲངས། 172 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སངས་རྒྱས་ག…
error: རྩོམ་འདི་བདག་དབང་ཅན་ཡིན།