ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་གི་དབྱར་ཁྲིད་ཆེན་མོ་ལེགས་གྲུབ་བྱུང་བ།

སངས་རྒྱས་གཡུང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ལ་འབྲལ་མེད་དུས་ཀུན་བྲེལ་བའི་སྐྱེས་བུ་ཆེན་པོ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མའི་སློབ་མ་རྣམས་ཀྱི་ཐུགས་རེ་བཞིན་འཆར་ཅན་ཤར་བོན་འཁོར་སྐོར་བཞིན་པ་ལས་ཕྱི་ལོ་ ༢༠༢༣ ལོའི་གཤེན་བསྟན་དར་རྒྱས་གླིང་གི་དབྱར་ཁྲིད་ཆེན་མོ་དེ་ཉིད་ཕྱི་ཟླ་ ༠༧ ཚེས་ ༢༣ ནས་ཟླ་ ༠༨ ཚེས་ ༡༡ བར་བདུན་ཕྲག་གསུམ་རིང་འཆད་ཁྲིད་བཀའ་དྲིན་བསྐྱངས། དེ་ཡང་འཆར་ཅན་དུས་བསྟུན་རེའུ་མིག་བཞིན་འདི་ལོར་ཞང་ཞུང་སྙན་རྒྱུད་ཀྱི་མན་ངག་ལེའུ་བརྒྱད་པ་ནས་ཉམས་ལེན་ཐུན་མཚམས་དང་སྦྲགས་ཏེ། བཀའ་ཁྲིད་ཞིབ་ཅིང་སྨར་བར་བཀའ་དྲིན་སྐྱོང་བཞིན་སྔ་ཕྱི་དྲོའི་དུས་མཚམས་རྣམས་སུ་བསང་དང་། ཆུ་གཏོར། བསུར་མཆོད། ལུས་སྦྱིན་བཅས་སྦྱིན་པ་རྣམ་བཞིའི་ཕྱག་ལེན་རྒྱུན་ཆགས་སུ་བསྐྱངས་པ་དང་། དམིགས་བསལ་ཞོགས་ཀའི་ཐུན་མཚམས་སྐབས་ཉམས་ལེན་བོག་འདོན་དང་གེགས་སེལ་ཆེད་སྙན་རྒྱུད་ཀྱི་སྔོན་འགྲོའི་རྩ་བའི་འཁྲུལ་འཁོར་རྣམས་དགེ་བཤེས་ལུང་རིག་རྣམ་དག་ལགས་ནས་ལམ་སྟོན་དཔེ་སྟོན་གནང་། དེ་རིང་སྟེ་ཕྱི་ཟླའི་ ༠༨ པའི་ཚེས་ ༡༡ ཉིན་དབྱར་ཁྲིད་ཆེན་མོའི་ཐུན་མཚམས་གྲོལ་བ་དང་དགེ་སློབ་ལྷན་རྒྱས་ནས་ཁོད་སྤུངས་བླ་ཆེན་དྲན་པའི་སྙིང་ཐིག་གི་སྒོ་ནས་གཏང་རག་ཚོགས་མཆོད་རྒྱས་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

དེ་ཡང་རྫོགས་པ་ཆེན་པོ་ཞེས། བོན་སྒོ་ཐེག་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དྲིལ་བ། རྒྱུད་སྡེ་ཐམས་ཅད་ཀྱི་དོན་ཁྲོལ་བ། དུས་གསུམ་རྒྱལ་བའི་བཀའ་རྫོགས་པ། བླ་མ་དམ་པའི་གསུང་ལ་བརྟེན་པ། ཆ་ལག་ཚང་ལ་དོན་མ་ནོར་བ། གཡུང་དྲུང་བོན་གྱི་བཅུད་འདུས་པ། རང་གིས་ཉམས་སུ་མྱོང་བ། གཞན་གྱི་རྒྱུད་ལ་སྤེལ་བ། ཉམས་སུ་ལེན་བདེ་ལ་མཁས་པའི་ཚིག་སྐྱོན་དང་གོལ་སའི་སྐྱོན་དུ་མི་འབྱུང་བ། སེམས་ལ་བཞག་ན་གོ་རྟོགས་སྐྱེ་ཞིང་མོས་གུས་བྱས་ན་ཡོན་ཏན་འབྱུང་བ། ངེས་ཤེས་ནང་ནས་རྙེད་པ། ཡིན་ལུགས་མཐོང་བ་ཙམ་གྱིས་སྡུག་བསྔལ་ཞི་ནུས་པ། བྱིན་རླབས་སེམས་ལ་འཇུག་པ། བོན་བརྒྱད་ཀྱི་འཁྲུལ་པ་རང་གྲོལ་དུ་འགྲོ་བ། མྱ་ངན་ལས་འདས་པའི་དོན་རྟོགས་པ། ཕྱོགས་གང་དུ་ཡང་མ་ལྷུང་ཞིང་མཐའ་ཐམས་ཅད་ལ་འདས་པ། ཉམས་སུ་བླངས་ན་སངས་རྒྱས་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན་པ་སོགས་མདོར་ན་སངས་རྒྱས་པའི་ཐབས་ལམ་གྱི་གནད་འདུས་པའི་སྙིང་པོའམ་ཉིང་ཁུ་ལྟ་བུ་ཞིག་ཡིན། བརྒྱུད་པའི་རིམ་པ་ནི། དགོངས་བརྒྱུད་དང་། སྙན་བརྒྱུད། བཀའ་བརྒྱུད། ཉམས་བརྒྱུད། གཏེར་བརྒྱུད། ལོ་ཙྭའི་བརྒྱུད་པ་བཅས་གཞི་གང་ལ་བཅོལ་ན་ཡང་། རྒྱལ་བ་ཀུན་ཏུ་བཟང་པོ་ནས་ད་ལྟའི་དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་བར་བརྒྱུད་ལུང་གི་ཉག་ཐག་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ། ཁྲིད་རྒྱུད་དང་། ལུང་རྒྱུད། དབང་རྒྱུད་དང་བཅས་པ་བཞུགས་པའི་གདམས་ངག་གི་ཉིང་བཅུད་འདི་དག་ལ་དེང་འདིར་བསམ་བློ་བའི་སྡེ་ཁག་ནས་ཀྱང་ཧ་ཅང་མཐོང་ཆེན་བྱེད་པ་ལྟར་དོན་གྱི་ཡིན་ལུགས་འཚོལ་ཞིབ་རིགས་པ་ལས་བརྒལ་བའི་གཏན་ཚིགས་ཅན་ཞིག་གོ། །

སྲིད་པའི་མིག་ནས།

(སྤྱིའི་གཟིགས་གྲངས། 285 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སློབ་གྲྭ་ཁ…
error: རྩོམ་འདི་བདག་དབང་ཅན་ཡིན།