ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་མཆོག་སྐུ་གཤེགས་པར་གདུང་མཆོད་ཕུལ་བ།

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་སྐུ་གཤེགས་པར་གདུང་མཆོད་ཕུལ་བའི་གནས་བསྡུས།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧སྐྱབས་རྗེ་མཁན་ཟུར་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་རེ་ཞིག་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། བོད་ས་ཕག་ལོའི་ཟླ་བ་ ༠༡ ་ཚེས་༡༠་དང་། ཕྱི་ལོ་ ༢༠༡༩ ༢ ༡༤ ཉིན་གྱི་སྔ་དྲོའི་པེ་ཅིང་ཆུ་ཚོད་༡༡དང་སྐར་མ་༡༨སྟེང་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་འབྲེལ་ཡོད་དད་འབངས་བརྒྱུད་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ལ་སྙན་གསན་ཞུས་པ་དང་འབྲེལ། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འདུས་སྤྱི་ནས་ཞིང་གཤེགས་དམ་པ་མཆོག་གི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་གདུང་སེམས་མཉམ་བསྐྱེད་དང་། བཀའ་དྲིན་མཛད་པ་རྗེས་དྲན་ཆེད། ༢༠༡༩ ༢ ༡༨ ཉིན་གཙུག་ལག་ཁང་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་རྣམ་ལྔའི་མཆོད་པ་སོགས་བཤམས་ནས་མཚན་ལྡན་བླ་མའི་མཆོད་ཐབས་ཀྱི་སྒོ་ནས་མཆོད་འབུལ་སྨོན་ལམ་ཞུས་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པས། ༢༠༡༩ ༢  ༡༨ ཉིན་སྤེལ།

93642cookie-checkགདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་མཆོག་སྐུ་གཤེགས་པར་གདུང་མཆོད་ཕུལ་བ།
(སྤྱིའི་གཟིགས་གྲངས། 825 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྲུལ་སྐུ་…