ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ས་ཕག་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་ཀྱི་གནས་བསྡུས།

དེ་ཡང་གཞི་རིམ་སྔོན་འགྲོའི་སློབ་ཕྲུག་རྣམས་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་འཛིན་གྲྭ་ཡོད་པ་དང་། སློབ་ཚན་ནི་བོད་ཡིག་དང་། བལ་སྐད། དབྱིན་སྐད། སྤྱི་ཚོགས་ཚན་རིག ཡིག་གཟུགས། རི་མོ་བཅས་ཡོད་པ་རྣམས་དགེ་རྒན་གྱིས་སློབ་སྟོན་ཇི་ལྟར་གནང་བ་ལྟར་སྦྱོང་བརྡར་འབད་བརྩོན་ཧུར་ཐག་གནང་སྟེ་སློབ་སྦྱོང་ཡར་སྐུལ་ཆེད་འཆར་ཅན་ལྟར་ཟླ་དྲུག་མཚམས་སུ་རྒྱུགས་སྤྲོད་བཏང་དང་གཏོང་མུས་སུ་ཡིན་པ་དང་རྒྱུགས་འབྲས་ཀྱི་ཨང་ཐོབ་རྣམས་ལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་བསྡོམས་ཚོགས་འདུའི་སྐབས་སུ་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། འདི་ལོ་ཡང་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་གཙོས་དགེ་ལས་རྣམ་པའི་དབུ་ཁྲིད་འོག ཕྱི་ལོ་ ༢༠༢༠ དང་། བོད་ས་ཕག་ལོའི་ཧོར་ཟླ་༡༢པའི་ཚེས་༡༢ཉིན་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་འགོ་བརྩམས་ཏེ་ཉིན་དེར་དབྱིན་ཇིའི་སྐད་ཡིག་རྒྱུགས་སྤྲོད་བྱས་པ་དང་། ཕྱི་ཚེས་༧ཉིན་སྔ་དྲོ་བལ་པོའི་སྐད་ཡིག་རྒྱུགས་སྤྲོད། ཕྱི་དྲོ་རི་མོའི་སྡེ་ཚན་རྒྱུགས་སྤྲོད། ཕྱི་ཚེས་༩ཉིན་སྔ་དྲོ་བོད་ཡིག་རྒྱུགས་སྤྲོད། ཕྱི་ཚེས་༡༠ཉིན་ཞོགས་པར་དཔེ་ཆ་ཀློག་འདོན་རྒྱུགས་སྤྲོད། སྔ་དྲོ་བོད་ཡིག་རྒྱུགས་སྤྲོད། ཕྱི་དྲོ་བགྲོ་གླེང་བཤད་རྒྱུགས་རྒྱུགས་སྤྲོད། ཕྱི་ཚེས་ ༡༡ ཉིན་སྔ་དྲོ་སྤྱི་ཚོགས་ཚན་རིག་རྒྱུགས་སྤྲོད། ཕྱི་དྲོ་བོད་ཡིག་ཡིག་གཟུགས་རྒྱུགས་སྤྲོད་བཅས་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆ་ཚང་ཁ་དགེ་བཀྲ་ཤིས་ངང་དུ་མཇུག་གྲུབ་པའི་གནས་བསྡུས་སུ།

མཁའ་ལྡིང་ནས་ ཕྱི་ལོ་ ༢༠༢༠  ༢ ༡༡ ཉིན།། །།

པར་རིས་མཐུན་སྦྱོར་བ་ཞང་ཞུང་ཉི་མ་དང་མཁའ་ལྡིང་།

(སྤྱིའི་གཟིགས་གྲངས། 382 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་ཡི་རྒྱལ…
error: རྩོམ་འདི་བདག་དབང་ཅན་ཡིན།