ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་གྲུབ་ཆེན་རིན་པོ་ཆེ་སྐུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཞུས་པ།

 

 

 

 

 

ཐུགས་གསོའི་འཚམས་འཕྲིན།

            ཕྱི་ལོ་ ༢༠༢༠།༠༢།༡༤ ཉིན་གྱི་པེ་ཅིན་ཆུ་ཚོད་བཅུ་གཉིས་དང་སྐར་མ་སོ་གསུམ་ཐོག་མི་ཟས་ཀུན་སྤངས་ཆེན་མོ་རྣལ་འབྱོར་བ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་པར་ཡིད་གདུང་དྲག་པོའི་ངང་ནས།  འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་གྲྭ་འདུས་མང་ཡོངས་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། དེ་བཞིན་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་ཡོངས་ནས་ཉག་ཤོད་བྱ་བཏང་རི་ཁྲོད་དཔལ་གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་གི་བླ་མ་དང་ལས་སྣེ་འདུས་སྡེ་ཡོངས་དང་དད་འབངས་འཁོར་ཚོགས་ལྟོས་བཅས་ཡོངས་ལ་འདི་ག་གྲྭ་ཚང་དང་འདུས་མང་ཡོངས་ནས་གདུང་སེམས མཉམ་བསྐྱེད་ངང་ཐུགས་གསོའི་འཚམས་འདྲི་དང་།  རྗེས་ལུས་བོན་འབངས་ཡོངས་ནས་ཀྱང་འགྲོ་འདྲེན་གྱི་སྐྱེས་ཆེན་དམ་པ་གང་གི་ཟད་མི་ཤེས་པའི་གསང་གསུམ་གྱི་མཛད་པའི་འཕྲིན་ལས་མཐའ་དག་མི་ཉམས་རྒྱུན་སྐྱོང་གནང་རེ་དང་། སྐྱེས་ཆེན་དམ་པ་ཁོང་གི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་དོན་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་རླབས་ཆེན་གྱི་མཛད་བཟང་ཁག་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས། དམ་པ་གང་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཕྱིར་གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་གཙོས་བླ་གྲྭ་འདུས་མང་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་མར་མེའི་མཆོད་འབུལ་དང་དགོངས་རྫོགས་སྨོན་ལམ་ཞུ་བཞིན་པ་བཅས།

༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གྲྭ་ཚང་ཡིག་ཚང་ནས་ཕྱི་ལོ་༢༠༢༠/༠༢/༢༣ཉིན་ཕུལ།

 

 

 

 

 

106762cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་གྲུབ་ཆེན་རིན་པོ་ཆེ་སྐུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཞུས་པ།
(སྤྱིའི་གཟིགས་གྲངས། 1,053 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་ད…
error: རྩོམ་འདི་བདག་དབང་ཅན་ཡིན།