ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གསར་གནས།

རྩོམ་པ་པོ། ཏི་སེའི་བུ།

བཤད་པ་དང་སྒྲུབ་པ་ཟུང་འབྲེལ་དང་གསང་སྔགས་ཆེད་སྦྱོང་འཛིན་གྲྭ་གསར་དུ་དབུ་བརྙེས་ཏེ་ཐེངས་དང་པོའི་རྩོད་རྒྱུགས་ཆེན་མོའི་གནས་ཚུལ།

2.2༄༅། །བོན་སྒོ་ཕྱི་ནང་གསང་གསུམ་གང་ལ་བློ་སྦྱངས་ན་ཐ་སྙད་ཚིག་གི་སྦུ་ཤུན་ཙམ་གྱི་དྲེགས་པས་མི་ངོམ་པ། དོན་གྱི་སྙིང་པོ་ནས་འབྲུ་རྡོག་པོ་ལྟ་བུ་ནི། བཀའ་ལུང་མན་ངག་གི་བྲོ་བ་སེམས་ལ་མྱོང་ནས་རང་རྒྱུད་བོན་དང་འདྲེས་པར་བྱེད་རྒྱུ་དེ། དགེ་སྦྱོར་བ་ཞིག་གི་མི་ཚེའི་འོས་འགན་དང་།སྟོན་པ་སངས་རྒྱས་ཀྱི་བཀའ་འཁོར་བསྐོར་རོ་ཅོག་གི་མདོ་དོན་ཡིན་ཏེ། ལུང་ལས། བོན་ཐམས་ཅད་མདོ་བསྡུས་པ་ངོ་བོ་ཐིག་ལེ་གཅིག་ཏུ་མ་ཤེས་ན། གསུང་རབ་ཆུ་བོའི་རྒྱུན་ཙམ་བསླབས་ཀྱང་། མང་ལོད་ཤ་བའི་རྭ། སྤྲོས་ཡས་ཤ་མོང་གི་སུལ། དགོས་མེད་བྱིས་སྦའི་དམག་ཡིན་པས། རང་རྒྱུད་ལ་ཧྲིལ་གྱིས་སྦྱར་ནས་ཉམས་སུ་བླངས། ཞེས་དང་། ཟད་སར་མ་སྐྱོལ་ཤེས་རབ་བློ་ལྡན་ཡང་། །ཐེག་པའི་འཇུག་སྒོ་བགྲང་བས་ཟད་མཐའ་མེད། ཅེས་དང་། གདམས་ངག་མང་པོའི་གྲི་སག་གཟོང་གསུམ་བས། །སྒྲུབ་པའི་བློ་འགྱུར་གོ་རྟོགས་དཔག་དཔུང་བསྡུད། ཅེས་དང་། གདམ་ངག་བྲོ་གླུས་གཡུལ་ངོ་མི་བཟློག་པས། ཉམས་ལེན་སྒོམ་བསྲན་གཅིག་ཆོད་དཔའ་བོ་བརྟན། རྒྱུད་སྡེའི་ཁ་རོས་གྲོས་ཕུགས་མི་ཆོད་པས། །བླ་མའི་གདམ་ངག་གསང་སྔགས་བློ་ལ་གཏུགས། ཞེས་གསུངས། དེས་ན་བཤད་པ་དང་སྒྲུབ་པ་ཟུང་དུ་མ་སྦྲེལ་ན། ཐ་སྙད་རྐྱང་པས་ཐར་པའི་ལམ་སྣ་ཟིན་དུས་མེད་པས། 4རྗེ་མཉམ་མེད་བླ་མའི་རིང་ལུགས་ལ་ཟླ་བ་ཡར་ངོ་ལ་འཆད་ཉན་དང་། མར་ངོ་ལ་བསྙེན་སྒྲུབ་བྱེད་པའི་སྲོལ་བཟང་གི་རྒྱུན་བཞིན། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲའི་སྒྲིག་ཁོངས་སུ་འདི་ལོ་ནས་བཟུང་ལོ་རིམ་གྱི་སློབ་ཚན་མཇུག་རྫོགས་རྗེས། རྩ་རླུང་། མུན་མཚམས་སོགས་ཀྱི་ཉམས་ལེན་གནང་རྒྱུ་དང་། དེ་བཞིན་གཞུང་ཆེན་རེ་རེར་དམིགས་བསལ་ཟབ་སྦྱོང་གནང་རྒྱུའི་སྒྲིག་གཞི་གཏན་འབེབ་བྱས་པ་ལྟར། འདི་ལོར་བཀའ་རམས་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རྩ་རླུང་ཞག་བརྒྱའི་ཉམས་ལེན་མཛད། དེ་ཡང་༢༠༡༥། ༩། ༡༤།ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་དབུ་བཙུགས་ཏེ།འཇམ་རླུང་ཞག་༢༨། བར་རླུང་ཞག་༣༥། དྲག་རླུང་ཞག༢༨། རླུང་སྦྱོང་དང་ཆུ་སྦྱོང་བཅུད་ལེན་ཞག༩རིང་བཞུགས་ཡོད།3 དེ་ཚེ་ཉིན་རེའི་དགེ་སྦྱོར་མཛད་རིམ་ནི། ཞོགས་པ་༤། ༥།༠བར་དགོོངས་སྤྱོད་རྣམ་གསུམ་དང་ཐུན་བཞུགས། ༥།༠། ༦།བར་བསང་དང་བླ་མ་མགོན་པོ་གསུངས། ༧། ༨།༠།བར།རྩ་རླུང་གསོལ་འདེབས་དང་ཐུན། ༢། ནས་༣།བར་བསྙེན་པ་བསོགས། ༤། ནས་༥། བར་དུ་བཀའ་སྐྱོང་དང་གསུར་བསྔོ་མཛད། ༥།ནས་༦།༠བར་དུ་དགོངས་སྤྱོད་རྣམ་གསུམ་དང་ཐུན། ༧།ནས་༨།༠།བར་རྩ་རླུང་གསོལ་འདེབས་དང་ཐུན་བཞུགས་ནས་ལུས་སྦྱིན་བསྔོ་སྨོན་མཛད་པ་བཅས་ཉིན་རེའི་དགེ་སྦྱོར་བཞག་ཡིན་ནོ། །དེ་ལྟར་ཁྱོན་ཞག་བརྒྱའི་རིང་ལ་རྩ་རླུང་ཉམས་ལེན་གནང་ནས་ཟླ་༡༢།༢༣། ཉིན་གེགས་མེད་ངང་མཇུག་གྲུབ།

  རིགས་གཅིག་རྐང་འཛིན་ནམ་ཆེད་སྦྱོང་ཞེས་པ་འདི་ཉིད།6 སྔོན་དུས་<བཀའ་བབས>ཅེས་འབོད་སྲོལ་ཡོད། དཔེར་ན་བྲུ་ཆེན་ལ་སྣང་སྲིད་མཛོད་ཀྱི་བཀའ་བབས། ཅེས་དང་། དགོངས་མཛོད་རི་ཁྲོད་ཆེན་པོའི་བཀའ་བབས་ཀྱི་སློབ་མ་བཞི། ཞེས་འབོད་པ་ལྟ་བུ་ཡིན། སྟོན་པ་གཤེན་རབ་མི་བོའི་འཁོར་ལ་སྡེ་བཞི་ཡ་བརྒྱད་དང་། གཉའ་ཁྲིའི་དུས་སུ་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་བྱུང་མྱོང་བས་དེ་དག་དམིགས་བསལ་གྱི་ཤེས་རིག་དང་ཉམས་ལེན་སྣ་རེ་གཙོ་བོར་འཛིན་པས་རིགས་གཅིག་རྐང་འཛིན་གྱི་སྡེ་རུ་བགྲང་ཆོག དེང་དུས་སློབ་གྲྭ་ཡིན་ན་རང་རང་གི་མི་ཚེའི་ནང་ལས་ཀ་གང་ཞིག་བྱེད་འདོད་པ་དེའི་ཐོག་ལ་ཆེད་སྦྱོང་མེད་ན་མི་འགྲིག་པ་རེད། 5དེ་བཞིན་དགེ་སྦྱོར་བ་ཞིག་ཡིན་ན་རང་ཉིད་མི་ཚེའི་ནང་ཐོས་བསམ་ཉམས་ལེན་མོས་ཕྱོགས་ཀྱི་གཞུང་ལ་དམིགས་བསལ་ཟབ་སྦྱོང་བྱས་ན་སྤྱི་བཤད་ཙམ་མ་ཡིན་པ་དོན་ལ་ཉེ་བཅར་ཐུབ་པ་དང་། ཚིག་གི་གདར་ཤ་ཆོད་པའི་ཕན་ཡོན་སོགས་དགོས་པ་དུ་མར་དམིགས་ཏེ་གཞུང་ཆེན་རིགས་གཅིག་རྐང་འཛིན་ནམ། ཟབ་སྦྱོང་གི་འཛིན་གྲྭ་གསར་དུ་བཙུག་སྟེ། འདི་ལོའི་ལོ་འགོ་ནས་ཐེངས་དང་པོ་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་གཞུང་ལ་ལོ་གསུམ་རིང་ཆེད་སྦྱོང་འཛིན་གྲྭ་དབུ་བརྙེས་པ་འདི་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད་པ་རེད། 7དེ་ལའང་དམིགས་བསལ་གྱི་རྩོད་རྒྱུགས་དང་བྲིས་རྒྱུགས་ཀྱི་ལམ་ནས་ཤེས་ཚད་གཏན་འབེབས་དགོས་པ་ལྟར། སྤྱི་ལོ་༢༠༡༦། ༡། ༡༣།ཉིན། ཕྱག་ཚོད་༨།༠ཐོག་ དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་སོགས་དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་དང་། དགེ་བཤེས་རྣམ་པ། སློབ་གཉེར་བ་ཡོངས་རྫོགས་རྒྱུགས་ར་ཁང་དུ་འཛོམས་ནས། ཆེད་སྦྱོང་བ་རེ་རེ་སྐར་མ་༣༠རིང་ལ་དམ་བཅར་བཞུགས་ནས་འདི་ལོའི་མ་རྒྱུད་འཛིན་གྲྭ་དང་། རྫོགས་ཆེན་འོག་མའི་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རིམ་པ་བཞིན་མ་རྒྱུད་གཞི་ཁྲིད་སྐོར་ནས་རྟགས་བསལ་བརྩད་པ་དང་། ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད་ཡོད་པ་རེད། མཐར་ཆེད་སྦྱོང་གི་རྒྱུགས་སྤྲོད་དེ་ཉིད་ལེགས་གྲུབ་བྱུང་བ་བཅས་ཀྱི་གསར་གནས་ཉུང་འདུས་ཤིག་ཏི་སེའི་བུ་ནས་༢༠༡༥། ༡༢། ༢༧། ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 46 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།