ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཡང་སྟོན་བླ་མ་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་དགོངས་རྗོགས་མཆོད་འབུལ་ཞུས་པ།

དོལ་པོ་ཚྭ་དགའ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་གི་དབུ་བླ་ཡང་སྟོན་བླ་མ་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་ ༢༠༢༤ ཟླ་ ༦ ཚེས་ ༢༢ ཉིན་དགོངས་པ་བོན་དབྱིངས་སུ་གཤེགས་པར་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༢༤ ༦ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ དང་སྐར་མ་ ༣༠ ཐོག གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དུ་བླ་མའི་སྐུ་བརྙན་རིན་པོ་ཆེ་བཤམ་པའི་དྲུང་དུ་རྣམ་ལྔའི་མཆོད་སྤྲིན་ཕུལ་ནས། བཤད་སྒྲུབ་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་ནས་བླ་མ་མཆོད་པ་དང་། ཚེ་དབང་སྨོན་ལམ། ཀུན་བཟང་ཐུགས་སྤྲུལ་བཅས་གསུངས་ནས་བླ་མ་རིན་པོ་ཆེ་ཐུགས་དགོངས་དབྱེར་མེད་དུ་བསྲེ་བའི་མཉམ་བཞག་ཉམས་ལེན་བསྐྱངས་པ་བཅས་ཀྱི་གདུང་མཆོད་སྨོན་ལམ་གནད་སྨིན་ཞུས་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༤ ༦ ༢༤ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,304 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །མཚུངས…
error: རྩོམ་འདི་བདག་དབང་ཅན་ཡིན།