ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་དྲུག་པ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམས་དང་གཞན་ཟུར་དཔང་དགེ་རྒན་དང་དགེ་བཤེས་རྣམ་པ་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམས་པ་བཅས་ཚང་འཛོམས་ཐོག འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུལ་གྱི་གཏམ་བཤད་འགྲན་བསྡུར་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༢༠ ༡༢ ༡༡ ནས་བཟུང་ཉིན་གཉིས་རིང་གནང་ཡོད་དང་། ཉིན་དང་པོར་ཞོགས་པའི་ཕྱག་ཚོད་༨ ཐོག་འཛིན་གྲྭ་གོ་རིམ་བཞིན་ཚད་མ་ལོ་རིམ་གསུམ་པ་ཚད་མ་འཛིན་གྲྭ་ནས་སུམ་རྟགས་དང་ཕྲད་རྣམ་དབྱེ་ཅི་རིགས་སྐོར། མངོན་བརྗོད་སྐོར། སོ་སོའི་འགན་འཁྲི་དང་ཐོབ་ཐང་ཡ་མ་བྲལ་བར་དགོས་ཚུལ། གྲྭ་བཙུན་ངོས་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་སྟངས། མཆོད་པ་རྣམ་ལྔའི་སྐོར། འདི་ལོར་གཏོར་མ་བཅའ་ཐབས་དང་གྱེར་ཕྲིན་ལས་སྐོར་སྦྱངས་པའི་གྲུབ་འབྲས། བློ་འཛིན་བྱེད་སྟངས་སྐོར། ཚད་མ་ལོ་རིམ་གཉིས་པ་རྟགས་རིགས་འཛིན་གྲྭ་ནས་སུམ་རྟགས་དང་ཕྲད་རྣམ་དབྱེ་ཅི་རིགས་སྐོར། ཡིག་གཟུགས་སྦྱོང་བརྡར་བྱེད་སྟངས་སྐོར། མཆོད་ཆས་དང་མཆོད་རྫས་ཀྱི་ཐ་སྙད་དང་ལག་ལེན་སྐོར། འདི་ལོར་གཏོར་མ་བཅའ་ཐབས་དང་གྱེར་ཕྲིན་ལས་སྐོར་སྦྱངས་པའི་གྲུབ་འབྲས། རྒྱུན་ཤེས་སློབ་གསོའི་སྐོར་གསན་བསམ་གནང་བའི་ཉམས་མྱོང་། སོ་སོའི་འགན་འཁྲི་ཐོབ་ཐང་ཡ་མ་བྲལ་བར་དགོས་ཚུལ། གྲྭ་བཙུན་ཞིག་ཡིན་པའི་ཆ་ནས་མ་འོངས་པའི་མདུན་ལམ་འཚོལ་སྟངས། ཉིན་གཉིས་པར་ཞོགས་པའི་ཕྱག་ཚོད་༨ཐོག་ཚད་མ་ལོ་རིམ་དང་པོ་སྡུད་གྲྭ་འཛིན་གྲྭ་ནས་རྒྱུན་མཁོའི་མིང་བརྡ་སྐོར། རྒན་བཀུར་གཞོན་བྱམས་གནང་སྟངས། ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་སྐོར། ཤེས་ཡོན་ཀུན་སྤྱོད་ཟུང་འབྲེལ་དགོས་ཚུལ། ངོས་ལྐོག་མེད་པའི་སློབ་གཉེར་བ་བྱེད་སྟངས། ཉིན་རེའི་ནང་ལུས་སེམས་འཕྲོད་བསྟེན་བྱེད་སྟངས་སྐོར། རྒྱུན་བཀོལ་སྐད་ཆའི་ནང་ཚིག་རྩུབ་དོར་ནས་ཚིག་འཇམ་བཤད་སྟངས། དུས་ཚོད་ཀྱི་རིན་ཐང་དང་དུས་ཚོད་དམ་འཛིན་གནང་སྟངས། རིགས་ལམ་སྔོན་འགྲོའི་འཛིན་གྲྭ་ནས་རྒྱུན་མཁོའི་མིང་བརྡ་སྐོར། འཕྲོད་བསྟེན་སྐོར། ཕ་མའི་བཀའ་དྲིན། དགེ་རྒན་གྱི་བཀའ་དྲིན། དགོན་པའི་བཀའ་དྲིན། ཞེ་ས་དང་ཕལ་སྐད། ཡ་རབས་ཀུན་སྤྱོད། རྒྱུན་བཀོལ་སྐད་ཆའི་ནང་ཚིག་རྩུབ་དོར་ནས་ཚིག་འཇམ་བཤད་སྟངས། དུས་ཚོད་ཀྱི་རིན་ཐང་དང་དུས་ཚོད་དམ་འཛིན་གནང་སྟངས་བཅས་འཛིན་གྲྭ་སོ་སོར་གཏན་འབེབས་བྱས་པའི་བརྗོད་གཞིའི་ནང་གསེས་སོ་སོས་གང་གདམ་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་སྤེལ་ཡོད། ཟུར་དཔང་དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་སྐད་ཆའི་སྒྱུ་རྩལ་སོགས་ལ་གཞིག་སྟེ་ཨང་རིམ་སྤྲད་ཡོད་པ་དང་མཐར་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་ནས་གཏམ་བཤད་འགྲན་བསྡུར་དང་འབྲེལ་བའི་དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་བཀའ་དྲིན་བསྐྱང་རྗེས་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ༡༢ ༡༢ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

111050cookie-checkགཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་དྲུག་པ།
(སྤྱིའི་གཟིགས་གྲངས། 441 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།