ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཞང་བོད་ཡིག་གཟུགས་འགྲན་བསྡུར་གནང་བ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་ཕྲུག་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་ཕྲུག་རྣམས་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་བསྟུན་<<ཞང་བོད་ཡིག་གཟུགས་འགྲན་བསྡུར་>>གྱི་འགྲེམ་སྟོན་གནང་བ།

 

 

 

 

ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་གཉིས་ཡིན་པ་ལྟར། འདི་གའི་དགེ་རྒན་ལྷན་ཚོགས་ཀྱིས་འཛིན་རིམ་འོག་མ་ཚོའི་བྲིས་གཟུགས་རྟིང་སྐུལ་དང་དོ་དབྱིངས་ཇེ་ཆེར་ཡོང་བའི་ཐར་ལམ་དུ་དམིགས་ནས་ <<ཞང་བོད་ཡིག་གཟུགས་འགྲན་བསྡུར་>> ཞེས་པར་གསར་དུ་བསྐྲུན་ཏེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་བསྟུན་ནས་འགྲེམ་སྟོན་གནང་རྒྱུའི་གྲོས་ཆོད་བྱུང་བ་ཡིན་ལ། འགྲན་ཞུགས་ཀྱི་ཁོངས་མི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ས་ལམ་འཛིན་གྲྭ་ནས་སྡུད་གྲྭ་འཛིན་གྲྭ་ཡན་ཆོད་ངེས་པར་དུ་ཞུགས་དགོས་ལ། གཞན་སྒྲུབ་གྲྭ་བ་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་མ་བཅས་རང་མོས་ཀྱིས་ཞུགས་ནས་གོ་སྐབས་ཡོད། འགྲན་སྡུར་བྱ་རྒྱུའི་ཡིག་གཟུགས་ནི་འཁྱུག་ཡིག་དཀར་འབྲུ་མ་འབྲུ་ཚ་ལྗིབ་དང་ཚུགས་ཐུང་སྨར་ཆེ་ཆུང་བཅས་ཡིན། འབྲི་སའི་ཤོག་བུའི་ཚད་ནི་A4གྱི་ཤོག་ཚད་དགོས་ལ། འབྲི་བྱེད་ནི་སྲོལ་རྒྱུན་ལྟར་སྣག་སྨྱུག་གཉིས་བེད་སྤྱོད་བྱས་ཏེ། འབྲི་རྒྱུའི་རྩོམ་ནི༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བརྩམས་གནང་བའི་བགྲེས་གཏམ་འདོན་ཐེངས་བཞི་པའི་ནང་འཁོད་པའི་དབྱངས་གསལ་ཚང་བའི་ཤོ་ལོ་ཀ་འདི་ཡིན།

ཨ་ཁ་བསམ་པར་དཀའ་བཞིན་ཟ་ཆུ་དང༌། །

ཞྭ་གོས་ཚ་གྲང་མ་འཛེམས་ཤེས་རབ་ལ། །

ཉེར་བར་བརྩོན་ན་ཡུན་རིང་ཅི་ཐོགས་ཏེ། །

ཧ་ལམ་ཇི་འདོད་ཝ་ལེར་མདུན་དུ་འཕུང་། །

༢༠༢༡ལོའི་ཟླ་བ་༠༤ཚེས་༢༦ཉིན་དོ་བདག་སོ་སོས་རིག་གནས་འགན་འཛིན་གྱི་དགེ་རྒན་རྣམ་པར་ཕུལ་ནས་དཔྱད་འདེམས་གནང་རྗེས་སུ། བོད་ཀྱི་ཡིག་གཟུགས་དུས་ཆེན་ཟླ་བ༠༤ཚེས་༣༠ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འཆད་རའི་ཐོག་དངོས་སུ་བཤམ་སྟོན་བྱས་ཏེ་མཁན་སློབ་དགེ་རྒན་རྣམ་པ་གཙོས་པའི་འདུས་མང་ནས་དོ་དབྱིངས་ཆེན་པོས་གཟིགས་མོར་གནང་བ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༤ ༣༠ ཉིན།

པར་པ་ཏི་སེའི་བུ།

(སྤྱིའི་གཟིགས་གྲངས། 669 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        ཕྱ…
error: རྩོམ་འདི་བདག་དབང་ཅན་ཡིན།