ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་བརྒྱད་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༡ ༡༢ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཐོག་ནས་བཟུང་བོད་ཀྱི་སྐད་ཡིག་ཡར་སྐུལ་ཆེད་དུ་ཐེངས་བརྒྱད་པའི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ལས་རིམ་འགོ་བཙུགས་ཏེ། དཔྱད་འདེམས་དགེ་རྒན་དུ་ཆེད་ཕེབས་གནང་བའི། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་རིན་པོ་ཆེ། རྩ་འཛིན་སློབ་དཔོན་རྣམ་པ་གསུམ་དང་།  སྐབས་ ༢༧ པའི་བཤད་སྒྲུབ་འདུས་སྡེའི་ལས་སྣེ་ལྷན་འཛོམས་ཐོག དགེ་སྐོས་ལགས་ནས་དབུ་འཛུགས་གཏམ་བཤད་གནང་བ་དང་འབྲེལ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ནས་དུས་ཚོད་སྟངས་འཛིན་འོག སློབ་མ་རང་སོ་སོས་རང་མོས་ཀྱིས་བརྗོད་གཞི་གདམས་ནས། ཁོར་ཡུག་སྲུང་སྐྱོབས་དང་། མི་གཞི་ཀུན་སྤྱོད། བཟོ་རིག་ལག་རྩལ། རྣམ་ཐར་ལོ་རྒྱུས་སོགས་ཀྱི་སྐོར་ནས། ཐེག་འགྲེལ་འཛིན་གྲྭ་ནས་བཟུང་། ཚད་མ་ལོ་རིམ་གསུམ་པ། ཚད་མ་ལོ་རིམ་གཉིས་པ། ཚད་མ་ལོ་རིམ་དང་པོ་བཅས་ནས་རིམ་བཞིན་གཏམ་བཤད་སྐར་མ་བཅུ་རེ་གནང་རྗེས་སྐར་མ་ལྔ་ལ་དྲི་བ་དྲི་ལན་བྱས་པ་དང་། གཏམ་བཤད་སྐབས་བཤད་ཐབས་ཀྱི་གོ་རིམ་དང་ཚིག་སྦྱོར། ཐ་སྙད་བེད་སྤྱོད་བྱེད་སྟངས་ལུས་ཀྱི་རྣམ་འགྱུར་དྲི་བར་ལན་འདེབས་སྟངས་ལས་དཔག་པའི་ཨང་རིམ་སྤྲད་དེ་བརྒྱ་ཆའི་ཨང་ཐོབ་ལོ་འཁོར་མཇུག་བསྡོམས་ལ་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཉིན་གཉིས་ཀྱི་རིང་གཏམ་བཤད་འགྲན་བསྡུར་གནང་གྲུབ་པ་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་དགེ་འདོན་སྐྱོན་སེལ་གྱི་མཇུག་བསྡོམས་བཀའ་སློབ་གནང་གྲུབ་རྗེས་མཉམ་པར་བསྒྲོན་པ་དང་། ཕྱི་ལོ་ ༢༠༢༡ ༡༢ ༢༩  ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༤ ཐོག་གཏམ་བཤད་འགྲན་བསྡུར་དེ་ཉིད་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༡༢ ༢༩  ཉིན་སྤེལ།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 350 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འབྲེལ་ཡོད་…
error: རྩོམ་འདི་བདག་དབང་ཅན་ཡིན།