ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་སྡུར་ཐེངས་བཅུ་བཞི་པ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ པའི་ཚེས་ ༧ ནས་ ༨ བར་ཉིན་གཉིས་ཀྱི་རིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེས་བཀོད་སྒྲིག་འོག  གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཆོག་ལྔའི་གསས་ཁང་མཐོང་གྲོལ་འོད་འབར་གྱི་ནང་དུ། དཔྱད་འདེམས་པ། སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་གཙུག་བརྟན། རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་བློ་ལྡན། ལྟ་སྐྱོང་བ་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཡུང་དྲུང་རིག་འཛིན་དང་རྒྱུན་ལས་རྣམ་པ་ཚང་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་གཉེར་བ་ཐེག་འགྲེལ་འཛིན་གྲྭ། རྟགས་རིགས་འཛིན་གྲྭ། སྡུད་གྲྭའི་འཛིན་གྲྭ།  གཏམ་བཤད་འགྲན་སྡུར་ལ་དངོས་སུ་ཞུགས་ཡོད། གཏམ་བཤད་ཀྱི་བརྗོད་གཞི་སོ་སོའི་འདོད་མོས་གདམས་ཏེ་སྐར་ཆ་ ༡༠ ལ་གཏམ་བཤད་དང་། སྐར་ཆ་ ༥ ལ་དྲི་བ་དྲིས་ལན་བྱས།

 

ཐེག་འགྲེལ་འཛིན་གྲྭ།

བརྗོད་གཞི།

༡༽   གཡུང་དྲུང་རྒྱལ་པོ། (ཀ)

ལྷ་མི་གཞན་བརྟེན་པའི་སྐོར།

༢༽   གེ་ཁོད་དབང་རྒྱལ།

སྤྱི་དོན་ རྣམ་པ་བདུན་གྱི་སྐོར།

༣༽  བསྟན་འཛིན་ནོར་བུ།

ཐེག་པ་རིམ་པ་དགུ་ཡི་སྐོར།

༤༽  བསྟན་འཛིན་རྒྱ་མཚོ།

ཕྲིན་ལས་ཀྱི་གོ་རིམ་སྐོར།

༥༽   གཡུང་དྲུང་དབང་རྒྱལ།

ཆུ་ཡི་འཕྲོད་བསྟེན་སྐོར།

རྟགས་རིགས་འཛིན་གྲྭ།

བརྗོད་གཞི།

༡༽   འཕྲིན་ལས་རྒྱ་མཚོ།

ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་ཐར་སྐོར།

༢༽   ཕུར་པ་རྒྱལ་མཚན།

མཁན ཆེན་བསྟན་པ་བློ་གྲོས་སྐོར་ལ་ཉུང་ཙམ་བཤད་རྒྱུ།།

༣༽   གཡུང་དྲུང་ཉི་མ། (ཁ)

ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རྣམ་ཐར་སྐོར།

༤༵༽  གཡུང་དྲུང་ཧ་ར།

དགེ་བ་བཅུ་ཡི་སྐོར།

༥༽   ཟླ་བ་དོན་གྲུབ།

ལོ་གསར་སྐོར།

༦༽   ལུང་རྟོགས་གཡུང་དྲུང་།

གཡུང་དྲུང་བོན་གྱིས་འགྲོ་བ་སེམས་རྣམས་ལ་ཕན་ཐོགས་ཚུལ་སྐོར།

༧༽   ཡེ་ཤེས་བཟང་པོ།

གནས་ཆེན་རྐོང་པོ་བོན་རིའི་སྐོར།

༨༽  བསྟན་འཛིན་སྟོབས་ལྡན།

བོན་གྱི་ངོ་སྤྲོད་སྐོར།

༩༽   སྟོབས་ལྡན་དབང་ཕྱུག (ཁ)

བལ་ཡུལ་གྱི་མཆོད་རྟེན་རྣམ་གསུམ་སྐོར།

༡༠༽   སྟག་ལ་མེ་འབར། (ཀ)

དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་སྐོར།

༡༡༽   ཡོན་ཏན་གོང་འཕེལ།

རང་ཉིད་གློ་ཡུལ་དུ་སོང་བའི་སྐོར།

བསྡུས་གྲྭའི་འཛིན་གྲྭ།

བརྗོད་གཞི།

༡༽   ཀུན་བཟང་ཡེ་ཤེས།

བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་སྐོར།

༢༽   སྨོན་ལམ་བཟང་པོ།

སེམས་དང་སེམས་འབྱུང་སྐོར།

༣༽   ཚེ་དབང་དོན་ལྡན།

ཤེས་ཡོན་མེད་ན་མི་ཚེ་འཁྱོལ་ཐབས་མེད་པའི་སྐོར།

༤༽   གཡུང་དྲུང་ལྷུན་གྲུབ།

རྩོམ་གྱི་སྐོར།

༥༽  དཔལ་ལྡན་དབང་ཕྱུག

རྗོད་བྱེད་སྒྲ་ཡི་སྐོར།

༦༽   གཡུང་དྲུང་རྒྱལ་པོ། (ཁ)

ཡུལ་དང་ཡུལ་ཅན་གྱི་སྐོར།

༧༽   གཡུང་དྲུང་དགྲ་འདུལ།

ཨ་མ་དང་དགེ་རྒན་གྱི་སྐོར།

༨༽   གཡུང་དྲུང་བློ་གསལ།

གྲོགས་པོའི་སྐོར།

༩༽  འབྲུག་གསས་དཔལ་བཟང་།

ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་ཐར།

རིགས་ལམ་སྔོན་འགྲོའི་འཛིན་གྲྭ།

བརྗོད་གཞི།

༡༽   སྟག་ལ་མེ་འབར། (ཁ)

ཁོར་ཡུག་སྲུང་སྐྱོབ་སྐོར།

༢༽   བསོད་ནམས་རྒྱལ་མཚན། (ཀ)

དགེ་རྒན་གྱི་སྐོར།

༣༽   བསོད་ནམས་རྒྱལ་མཚན། (ཁ)

ཚད་མེད་རྣམ་བཞིའི་སྐོར།

༤༽   བཀྲ་ཤིས་དབང་རྒྱལ།

མཆོད་པ་རྣམ་ལྔའི་སྐོར།

༥༽   གཡུང་དྲུང་དར་རྒྱས།

དཔེ་དེབ་ཀྱི་སྐོར།

༦༽   ཤེས་རབ་དབང་ཕྱུག

ཤེས་བྱ་གཉིས་ཚན་གྱི་སྒོ་ནས་དབྱེ་བའི་སྐོར།

དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་བརྗོད་དོན་གྲ་སྒྲིག་ཚགས་ཚུད་ཡོད་མེད་དང་། བཤད་ཐབས་མཁས་མིན་སོགས་ལ་གཞིགས་ཏེ་སྐར་གྲངས་སྤྲད་ཡོད་པ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ནས་མཇུག་བསྡུའི་བཀའ་སློབ་ཟབ་རྒྱས་གནང་ནས་དགེ་སློབ་ལས་བྱེད་བཅས་མཉམ་པར་བསྒྲོན་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༡༡ པའི་ཚེས་ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 360 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཛེས་སྡུག་…
error: རྩོམ་འདི་བདག་དབང་ཅན་ཡིན།