ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ནས་ཐུགས་གསོའི་འཚམས་འཕྲིན།

སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གདུལ་བྱ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བློ་ཕམ་ཆེ་ཡང་འདུས་བྱས་ཀྱི་མཚན་ཉིད་འདི་ལས་མ་འདས་པས་བྱ་ཐབས་བྲལ།

རྗེ་ཉིད་སྐུ་ཆུང་ངུའི་དུས་ནས་སྐྱེས་བུ་དམ་པའི་རིགས་སད།གཡུང་དྲུང་བོན་གྱི་བསྟན་པ་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་མཛད་དེ་དགུང་གྲངས་བརྒྱ་ལྷག་བཞུགས་ནས་ད་ལམ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དུ་དགོངས་པ་གཞན་དོན་དུ་གཤེགས་པའི་སྣང་ཚུལ་བསྟན་ཡང་མི་རིང་བར་སླར་ཡང་གཡུང་དྲུང་བོན་གྱི་བཤད་སྒྲུབ་ལས་གསུམ་གྱི་མཛད་འཕྲིན་འཛམ་གླིང་མཐའ་གྲུ་ཀུན་ཏུ་སྤེལ་ཏེ།སྐྱེ་འགྲོའི་མགོན་དུ་ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་ཡང་སྲིད་ཟླ་གཞོན་གསར་བ་མྱུར་དུ་འཆར་བའི་སྨོན་འདུན་གྱི་མཚམས་སྦྱར་བཅས།

༧ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེས།

རབ་གནས་ཤིང་སྦྲུལ་ལོའི་ཟླ་ ༤ ཚེས་ ༣༠ སྤྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༥ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 395 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཛམ་གླིང་ག…
error: རྩོམ་འདི་བདག་དབང་ཅན་ཡིན།