ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གོ་ལྔ་དང་ཉེར་ལྔའི་དུས་སྟོན་གྱི་ཆེད་དུ་ཕུལ་བའི་གཞས་ཚིག་དང་གླུ་དབྱངས་ཀྱི་དྲ་ཐག

སྨྲ་དབང་ཡོངས་འཛིན་མཆོག་སྲིད་པའི་ཏོག་ཡིན།

ཚིག རྔ་རང་རིག  དབྱངས། ཨ་མདོའི་ཕོ་ཉ།  ལེན་མཁན། ཨ་མདོའི་ཕོ་ཉ།

སྐྱིད་པའི་གཞིས་ཁྱིམ་ཞིག་རྒྱབ་ལ་བསྐྱུར་ནས།།

དོག་མོའི་འཕྲང་རིང་ཞིག་འཕྲེད་ཀྱིས་བཅད་དེ།།

རེ་བ་གསོན་པོ་ཞིག་རུམ་ལ་ཉར་ནས།།

རྒྱུས་མེད་མྱི་ཡུལ་ན་ཁྱིམ་གཞིས་བསྐྲུན་སོང་།།

རིན་པོ་ཆེ་་་་་བཀའ་དྲིན་ཆེ་་་་་་་་་་

མི་ཡུལ་ས་མཐའ་ས་མཐའ་རུ་ངེས་ཀྱང་།།

ལྟོ་གོས་གཏམ་གསུམ་གྱི་འཚོ་བ་སྤངས་ཏེ།།

ཟས་སྐྱ་གོས་ཧྲུལ་གྱི་འཚོ་བའི་ཀློང་ནས།།

ཉམ་ཐག་སློབ་བུའི་ཚོགས་དྲོད་ཀྱིས་བསྐྱངས་སོང་།།

རིན་པོ་ཆེ་་་་་ཐུགས་རྗེ་ཆེ་་་་་་་་་

ཐོབ་དང་གོ་ས་ལ་ཐུགས་འདོད་མེད་ཀྱང་།།

བྱམས་བརྩེའི་གཟི་འོད་ཀྱིས་ས་གཞི་ཁྱབ་ཏེ།།

སློབ་ཚོགས་སྟོང་ཕྲག་གི་གཙུག་གི་ནོར་བུ།།

སྨྲ་དབང་ཡོངས་འཛིན་མཆོག་སྲིད་པའི་ཏོག་ཡིན།།

རིན་པོ་ཆེ་་་་བརྟན་བཞུགས་གསོལ་་་་་་

སྔོན་གྱི་མེས་པོ་ཚོའི་རྔུལ་ཆུས་གྲུབ་ཅིང་།།

རིགས་ཞེན་རྒྱལ་བློན་ཚོའི་སྲོག་གིས་སྲུང་བའི།།

གངས་ཅན་གདོང་དམར་བའི་ཕ་ཆོས་དག་མ།།

ཡངས་པའི་ཁྱོན་ཀུན་ཏུ་སྤེལ་བར་རྨད་དོ།།

རིན་པོ་ཆེ་་་་་་བརྟན་བཞུགས་གསོལ་་་་་་

https://mp.weixin.qq.com/s/rngzQWrijGFlG1ZUhmS6gg

གོ་ལྔའི་དགའ་སྟོན་བསྟོད་གླུ།

ཚིག་རྔུལ་རྫའི་ཚངས་ཐིགས།

དབྱངས་དང་ལེན་མཁན་ཤེར་བསམ།

དུས་ངན་པའི་འཕོ་འགྱུར་ཁྲོད་དུ།།

སྨག་མུན་པའི་མཚོན་ཆ་རྣོ་རུང་།།

འོད་ནུབ་མེད་གྱེར་བསྟན་སྒྲོན་མེ།།

རྗེ་བླ་མ་ཡོངས་འཛིན་ཆེན་མོ།།

སྐུ་འགྱུར་མེད་རི་རྒྱལ་ལྷུན་པོ།།

ཐུཌ་བྱམས་བརྩེ་ཉི་མ་སེར་པོ།།

གསུང་བྱིན་ཆེན་བདུད་རྩི་སྙིང་ཁུ།།

རྗེ་བླ་མ་གངས་རིའི་ཚིག་མཛོད།།

བོན་མདོ་བསྔགས་སེམས་ཀྱི་གཏེར་སྒོ།།

ནང་གསང་བའི་མན་ངག་མཛོད་འཛིན།།

ཕྱི་མཛད་འཕྲིན་རྣམ་དཀར་ཡོན་ཏན།།

རྫེ་དཔོན་གསས་བླ་མ་མཁྱེན་ནོ།།

སྐུ་ངལ་མེད་བསྟན་པའི་གཉེར་དཔོན།།

ལོ་གོ་ལྔའི་མཛད་པའི་འོད་མདངས།།

གླིང་ཤར་ནུབ་ཞི་མདངས་བསྐྲུན་བའི།།

                  རྗེ་བླ་མ་བསྟན་འཛིན་རྣམ་དག།.      2020-1-15 ཉིན།

https://mp.weixin.qq.com/s/bdPIw_I63nboZvmgyxpxQw

སྲིད་པའི་སྒྲོན་མེ།

ཚིག ཁྱུང་གཤོག

དབྱངས། སྦྲ་ཆེན་ཕུན་ཚོགས། གཞས་པ། ཁྱུང་གྲགས་པ།

འཛམ་གླིང་གི་་་་་རྒྱན་དུ་མཛེས་པའི།

དཀར་གསལ་གྱི་་་་་་ཟླ་བ་གཞོན་ནུ།།

ཤར་རི་ཡི་་་་་་རྩེ་ནས་ཤར་བའི།།

ཟླ་འོད་ཀྱིས་་་་་འཛམ་གླིང་ཁྱབ་བྱུང་།་

ཨ་་་་་་་་་དཀར་གསལ་གྱི་་་་་་གཞོན་ནུ་་་་་ཁྱེད་ནི་གཟི་མདངས་རྒྱས།།

གཤེན་བསྟན་གྱི་་་་་རྒྱན་དུ་མཛེས་པའི།།

བློ་མུན་གྱི་་་སྨགས་རུམ་སེལ་བའི

སེམས་ནང་གི་་་་སྲིད་པའི་སྒྲོན་མེ།།

ནུབ་མེད་དུ་་་་་་བརྟན་པར་བཞུགས་རོགས།།

ཨ་་་་་་་་་སེམས་ནང་གི་སྲིད་པའི་སྒྲོན་མེ་་་་་་་་་་་་ཁྱེད་ཀྱི་འོད་སྣང་རྒྱས།།

བདག་ཅག་གི་་་་་འགྲོ་བའི་མགོན་པོ།།

བླ་མ་ལགས་་་་་་གངས་རིའི་ཚིག་མཛོད།།

བསྟན་དོན་ལ་་་་་ཐུགས་སྤོབས་ཆེ་བའི།།

བསླབ་གསུམ་གྱི་་་་་་བསྟན་པའི་བདག་ཉིད།།

ཨ་་་བླ་མ་ལགས་་་་་ཚིག་མཛོད་ཆེན་མོ་་་་་་་་་ཁྱེད་ཀྱི་སྐུ་ཚེ་བརྟན།།

 

ནུབ་མེད་གཡུང་དྲུང་གཡས་སྐོར།

གཞས་ཚིག གཟི་ཡེ་ཤེས།

གཞས་གདངས། གཡུང་དྲུང་ཀུན་གྲགས། གཞས་པ། ཁྱུང་ལྷུན་གྲུབ། 

སྐུ་ཡི་མཚན་དཔེ་ཁམས་ཡུལ་མཐིལ་ནས་བཞད།།

གསུང་གི་སྒྲ་ཆེན་དབུས་གཙང་ཡུལ་ནས་གྲགས།།

ཐུགས་ཀྱི་མཛད་འཕྲིན་འཕག་པའི་ཞིང་ནས་རྒྱས།།

དམར་སེར་འདུས་སྡེའི་གཙུག་གི་རྒྱལ་མཚན་མཆོག།

ཨོ་་་་་འོ་ཧོ་ཧོ་་་་་བསྟན་འཛིན་རྣམ་དག།

དགུང་གྲངས་དགུ་བཅུ་གོ་ལྔའི་དུས་སྟོན་ལ།།

བཀྲ་ཤིས་རླུང་རྟ་དཀར་པོ་ཕྱར་ར་ར།།

སྐུ་ལ་འཛུམ་མདངས་གསེར་འོད་ལམས་སེ་ལམ།།

གསུང་གི་བྱིན་རླབས་སྦྲང་ཆར་ཟིམ་ཟིམ་འབབ།།

ཐུགས་གཤིས་རྒྱ་མཚོའི་རླབས་རིས་དར་ལས་འཇམ།།

རྒྱལ་གཤེན་བསྟན་པའི་སྒྲ་དབྱངས་འུ་རུ་རུ།།

ཨོ་་་་་འོ་ཧོ་ཧོ་་་་་སྨྲ་བའི་སེང་གེ།

དགུང་གྲངས་དགུ་བཅུ་གོ་ལྔའི་དུས་སྟོན་ལ།།

དྲུག་འགྱུར་གླུ་ཡི་མཆོད་པ་སི་ལི་ལི།།

སྐུ་ཚེ་མི་འགྱུར་རི་རྒྱལ་ལྷུན་པོ་བརྗིད།།

གསུང་སྐད་མི་འགགས་གཡུ་འབྲུག་ངར་སྒྲ་བཞིན།།

ཐུགས་ཉིད་མི་གཡོ་ནམ་ཀ་མཐའ་ཡས་པའི།།

ནུབ་མེད་གཡུང་དྲུང་གཡས་སྐོར་ཀྱི་ལི་ལི།།

ཨོ་་་་་འོ་ཧོ་ཧོ་་་་་ཡོངས་འཛིན་ཆེན་མོ།།

དགུང་གྲངས་དགུ་བཅུ་གོ་ལྔའི་དུས་སྟོན་ལ།།

དགའ་སྐྱིད་རྟེན་འབྲེལ་བྲོ་གར་ཤིགས་སེ་ཤིག

 

ངའི་སེམས་ནང་གི་བླ་མ།

ཚིག ཏི་སེའི་བུ།

དབྱངས། སྟེང་ཆེན་རྡོ་རྗེ། གཞས་པ། ཉི་ཟླ་བཀྲ་ཤིས། རྟ་མགྲིན་དབང་མོ།

བསླབ་གསུམ་དང་སྡེ་སྣོད་འཛིན་པའི་ཞྭ་དཀར་བོན་གྱི་བསྟན་བདག

ཁྱེད་ཀྱི་སྐུ་ཚེ་ལ་བསྐྱངས་པའི། རླབས་ཆེན་མཛད་ཕྲིན་དག་མ།

ལོ་རྒྱུས་སྟོང་གི་རྡོ་རིང་ཡིན།

བོན་གྱི་གདན་ས་རེ་ལ།

བཤད་སྒྲུབ་ཀྱི་དར་ཆེན་བསྒྲེངས།

ཡོངས་འཛིན་ལགས་སྨྲ་བའི་སེང་གེ། ཁྱེད་ནི་བོན་བསྟན་གྱི་བླ་སྲོག་ཡིན།

མཁྱེན་རྩལ་དང་སྐུ་ཡོན་ཆེ་བའི་གངས་རིའི་ཚིག་མཛོད་ཆེན་མོ།

ཁྱེད་ཀྱི་ཐུགས་གསང་ལས་འཁྲུངས་པའི། མདོ་སྔགས་བོན་གྱི་བཀའ་འགྲེལ།

དཔའ་བོ་འབྲུ་ལྔའི་བཀའ་རྟགས་ཡིན།

གསེར་གྱི་ཡིག་འབྲུ་རེ་ལ།

འགྱུར་མེད་ཀྱི་གཏན་ཚིགས་ཡོད།

ཡོངས་འཛིན་ལགས་སྨྲ་བའི་སེང་གེ། ཁྱེད་ནི་ཤེས་རིག་གི་སྒྲོན་མེ་ཡིན།

ཉེ་རིང་དང་བདག་ཕྱོགས་བྲལ་བའི་འགྲོ་དྲུག་ཀུན་གྱི་ཡབ་ཆེན།

བྱམས་བརྩེའི་དྲོད་ཀྱིས་བསྐྱངས་པའི། རིགས་ཀྱི་མི་བུ་དག་ལ།

ཤེས་ཡོན་གྱི་ཟུངས་ཁྲག་བསྣན།

གསུང་གི་ཞལ་ཏ་རེ་ལ།

ཀུན་ཕན་གྱི་བྱིན་རླབས་ཡོད།

ཡོངས་འཛིན་ལགས་སྨྲ་བའི་སེང་གེ། ཁྱེད་ནི་མདུན་ལམ་གྱི་དེད་དཔོན་ཡིན།

 

 

https://mp.weixin.qq.com/s/nxZ3PYWgQSUAb69yckcCfQ

དགུ་བཅུའི་ཁྲི་འཕང་།

ཚིག ཁྱུང་གཤོག

དབྱངས་བཀྲ་ཤིས་བསོད་ནམས། ལེན་མཁན་བཀྲ་ཤིས་བསོད་ནམས།

བོད་ཁ་བ་ཅན་གྱི་མཁས་པའི་མཆོག།

རྒྱལ་བ་སྨན་རིའི་ཡོངས་འཛིན་ལགས།།

དགུ་བཅུའི་ཁྲི་འཕང་མཐོ་བ་དེ།།

ཞྭ་དཀར་དབུ་འཕང་མཐོ་རྟགས་རེད།།

སེམས་དགའ་བཞིན་གླུ་དབྱངས་ཁྱེད་ལ་འབུལ།།

རྗེ་བླ་མ་མཁས་གྲུབ་གཉིས་ལྡན་དེས།

གདན་ས་ཁྲི་བརྟན་ནོར་བུའི་རྩེར།

བཤད་སྒྲུབ་བསྟན་པའི་འཁོར་ལོ་དེ།

བསྐོར་ནས་མི་ལོ་ཉེར་ལྔ་ཟིན།།

རྗེ་བླ་མའི་བཀའ་དྲིན་དེ་སྙིང་ནས་དྲན།།

ཐུགས་ནམ་མཁའ་འདྲ་བའི་སྟོན་པ་དེའི།།

དགྱེས་ཞལ་ཉི་མའི་དཀྱིལ་འཁོར་ལ།།

འགྲོ་ལ་བརྩེ་བའི་འཛུམ་མདངས་ཡོད།།

གཞན་དོན་མཛད་པའི་རྒྱལ་སྲས་ཁྱེད།།

སྐུ་མི་འགྱུར་ཁྲི་ལོ་དེ་བརྟན་པར་ཤོག།

 

ཡོངས་འཛིན་ལགས་སྨྲ་བའི་སེང་གེ།

ཚིག ཁྱུང་ཁྲི་ལྡེ། དབྱངས་སྟེང་ཆེན་རྡོ་རྗེ། ལེན་མཁན་ཉི་ཟླ་བཀྲ་ཤིས།

ཞྭ་དཀར་བསྟན་པའི་བླ་སྲོག།

མགོ་ནག་བོན་མིའི་སྐྱབས་མགོན།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

རྣམ་འདྲེན་དམུ་རྒྱལ་སྲས་པོའི།།

རྒྱུད་གསུམ་བསྟན་པའི་མདོ་འཛིན།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

འཛམ་གླིང་མཁས་པའི་གཙུག་རྒྱན།།

ཞང་བོད་རིག་པའི་ཚིག་མཛོད།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

ཁ་བ་གངས་རིའི་ཞིང་གི།།

རིག་གཞུང་རྣལ་མའི་བདག་པོ།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

དུས་འགྱུར་རླུང་ནག་ཁྲོད་ནས།།

བཤད་སྒྲུབ་མེ་རོ་སྤར་བའི།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

མགོ་ནག་བོན་འབངས་ཡོངས་ཀྱི།།

བློ་སྙིང་བྲང་གསུམ་གཏད་ས།།

ཡོངས་འཛིན་སྨྲ་བའི་སེང་གེ།།

ང་ཡི་རྩ་བའི་བླ་མ།།

དད་པས་གསོལ་བ་བཏབ་ཡོད།།

རེ་བའི་ཐལ་མོ་སྦྱར་ཡོད།།

སྐུ་ཚེ་བསྐལ་བརྒྱར་བཞུགས་རོགས།། 

ང་ཡི་རྩ་བའི་བླ་མ།།

 

བསོད་ནམས་ཡིན་པ་ལོས་ཤེས།

གཞས་ཚིག ལྡོང་སྐལ་བཟང་། 

གཞས་གདངས། གཟི་ཡེ་ཤེས། གཞས་པ། གཟི་ཡེ་ཤེས། 

གསེར་གྱི་ཉི་མ་དགུ་བཅུ།།

དཔོན་སློབ་བསྟན་འཛིན་རྣམ་དག།

འོད་ཀྱིས་ཁྱབ་པའི་བོད་པ།།

བསོད་ནམས་ཡིན་པ་ལོས་ཤེས།།

དགུང་ལ་མཆོད་དང་གསོལ་ལོ།།

དུང་གི་གངས་རི་དགུ་བཅུ།།

གངས་རིའི་ཚིག་མཛོད་ཆེན་མོ།།

གངས་ལ་དགའ་བའི་བོད་པ།།

བསོད་ནམས་ཡིན་པ་ལོས་ཤེས།།

གངས་ལ་མཆོད་དང་གསོལ་ལོ།།

གསུང་གི་པོད་ཏི་དགུ་བཅུ།།

ཡོངས་འཛིན་སྨྲ་བའི་སེང་ཆེན།།

གསུང་གིས་འཚོས་པའི་བོད་པ།།

བསོད་ནམས་ཡིན་པ་ལོས་ཤེས།།

གསུང་ལ་མཆོད་དང་གསོལ་ལོ།།

སྐུ་ཡི་དགུང་གྲངས་གོ་ལྔ།།

འགྱུར་མེད་བརྟན་པ་དགའ་བ།།

ཁྱེད་ལ་དད་པའི་བོད་པ།།

བསོད་ནམས་ཡིན་པ་ལོས་ཤེས།།

ཁྱེད་ལ་མཆོད་དང་གསོལ་ལོ།།

 

https://mp.weixin.qq.com

https://h5.xinpianchang.com

གོ་ལྔར་ཕེབས་པའི་དུས་སྟོན།

ཚིག་་་་་་་་རླུང་ཞགས།

དབྱངས་བཀྲ་ཤིས་རྒྱལ། གཞས་པ་བཀྲ་ཤིས་རྒྱལ།

ཡུལ་གངས་ཅན་བོད་ཀྱི་ཕ་ས་ན།

མགོན་བླ་སྤྲུལ་མང་པོ་བཞུགས་ན་ཡང་།

ཚེ་གཅིག་གི་སྐྱབས་འཇུག་ཞུ་སའི་མགོན།

རྗེ་ཡོངས་འཛིན་བླ་མ་སྙིང་ནས་དྲན།

གངས་ཏི་སེ་རི་ཡི་ཕ་རོལ་ནས།

བྱམས་བརྩེ་བའི་རིས་མེད་འབངས་ལ་གཟིགས།

ཐུགས་མཁྱེན་པའི་ལྟ་བ་འཁོར་འདས་མཉམ།

རྗེ་ཡོངས་འཛིན་བླ་མ་སྙིང་ནས་དྲན།

ལྷོ་འཛམ་གླིང་གོ་ལའི་ཡང་སྟེང་དུ།

བོན་བསྟན་པའི་མེ་རོ་སླར་སྤར་བའི།

རྗེ་བླ་མ་ཡོངས་འཛིན་སྨྲ་དབང་མཆོག།

སྐུ་མི་འགྱུར་བསྐལ་བརྒྱལ་བརྟན་པར་སྨོན།

 

https://mp.weixin.qq.com/s/SWNTkJmXXX7UiP4d7yxsEQ

གོ་ལྔའི་མཆོད་པ་གླུ་ཡི་འབུལ།

 

གཞས་ཚིག་རྩོམ་པ་པོ། གསེར་གྱི་ཁ་བ།

གཞས་པ། བོན་གཡུང་།

དགོན་ཆེ་ཆུང་གཉིས་ཀྱི་རྒྱབ་རྟེན་ལ།

ཕ་བླ་མ་དགུང་ལོ་བགྲེས་པོ་ཡོད།

ལས་བསོད་ནམས་ཅན་གྱི་མགོ་ཐོག་ཏུ།

སྐྱིད་ཉི་མ་ཤར་འདྲ་བཞུགས་རོགས་ཞུ།

སྡེ་ཆེ་ཆུང་གཉིས་ཀྱི་སྐྱབས་མགོན་ལ།

དབུ་དཀར་པོ་ཅན་གྱི་བླ་མ་ཡོད།

སེམས་དད་པ་ཡོད་པའི་སེམས་ཐོག་ལ།

གཡང་ཟླ་བ་ཤར་འདྲ་བཞུགས་རོགས་ཞུ།

སེམས་ཕྱི་ནང་གཉིས་ཀྱི་ཁེན་ས་ལ།

ཡིད་ལྷ་ལ་དད་པའི་བླ་མ་ཡོད།

རྒྱུད་བྱིན་རླབས་ཅན་གྱི་ཡོངས་འཛིན་མཆོག

སྐུ་མ་འགྱུར་བརྟན་པོར་བཞུགས་རོགས་ཞུ། ། ༢༠༢༠//༡༧

 

https://mp.weixin.qq.com/s/15VpUz7B-MLh7ULV0JVNKA

གོ་ལྔའི་མཆོད་དབྱངས།

ཚིག ལྡོང་མེ་སྟག་གིས་སྒྱུར་རྩོམ་བྱས།

དབྱངས། ཚེ་རིང་དོན་འགྲུབ། ལེན་མཁན། ཉི་ཟླ་སྐར་ཚོགས། གཡང་ཆེན་རྒྱ་མཚོ།

དགའ་འཛོམས་གསེར་གྱི་ཉི་མ།

གངས་ཅན་བོད་ལ་ཤར་སོང་།

ཡོངས་འཛིན་སྨྲ་བའི་སེང་ཆེན།

སྐུ་ཡི་གཟི་མདངས་རྒྱས་སོང་།

བོད་གངས་ཅན་དག་པའི་ཞིང་ལ།

བོན་གཡུང་དྲུང་བསྟན་པ་དར་སོང་།

ངའི་དྲིན་ཆེན་རྩ་བའི་བླ་མ།

སྐུ་གཟི་མདངས་མི་ཉམས་འབར་ཤོག

བསོ་ཡ་རེ་ལོ། 

དར་དཀར་པོ་ལག་ན་བཟུང་སྟེ།

གླུ་སྙན་མོ་ངག་གི་མཆོད་པ།

བསོ་ཡ་ལ། ངས་བླ་མ་ཁྱེད་ལ་འབུལ།

སྐྱིད་འཛོམས་དུང་ཟླ་གཞོན་ནུ།

ཁ་བའི་ལྗོངས་ལ་ཤར་སོང་།

སྨྲ་དབང་ཡོངས་འཛིན་ཆེན་མོའི།

འགག་མེད་གསུང་དབྱངས་ཐོབ་སོང་།

རི་བསིལ་ལྡན་ཁ་བའི་ལྗོངས་ལ།

རྗེ་ཁྱེད་ཀྱི་གསུང་གིས་ཁྱབ་ཅིང་།

ངའི་དྲིན་ཆེན་རྩ་བའི་བླ་མ།

གསུངས་མི་འགག་ཡུན་དུ་གནས་ཤོག

བསོ་ཡ་རེ་ལོ།

ལག་ཐལ་མོ་སྙིང་ཁར་སྦྱར་ཏེ།

གླུ་སྙན་མོ་ངག་གི་མཆོད་པ།

བསོ་ཡ་ལ། ངས་བླ་མ་ཁྱེད་ལ་འབུལ།

དགའ་སྐྱིད་འཛོམས་པའི་དུས་བཟང་།

བོན་འབངས་ཡོངས་ལ་ཤར་སོང་།

ཡོངས་འཛིན་སྨྲ་བའི་དབང་པོར།

ཐུགས་ཀྱི་མཛད་འཕྲིན་རྒྱས་ནས།

ཡུལ་ཤར་ནུབ་རྒྱལ་ཁམས་ཡོངས་ལ།

རྗེ་ཁྱེད་ཀྱི་མཛད་འཕྲིན་ཁྱབ་སོང་།

ངའི་དྲིན་ཆེན་རྩ་བའི་བླ་མ།

དུས་རྟག་ཏུ་བཞུགས་པའི་སྨོན་ལམ།

བསོ་ཡ་རེ་ལོ།

དབྱངས་སྙན་མོ་པི་ཝང་དཀྲོལ་བཞིན།

གླུ་སྙན་མོ་ངག་གི་མཆོད་པ།

བསོ་ཡ་ལ། ངས་བླ་མ་ཁྱེད་ལ་འབུལ།

https://mp.weixin.qq.com/s/mzLu7WjKzRdo0Ak9C4mDSw

མཆོད་དབྱངས་བཀྲ་ཤིས་གཡས་འཁྱིལ

ཚིག       ཚངས་སྨྱུག དབྱངས་དམངས་ཁྲོད།

གཞས་པ་གཡུང་དྲུང་ནོར་བུ་དང་གཡུང་དྲུང་མཐར་ཕྱིན།

བསྭོ།་་་་་ལྷོ་རྒྱལ་འཛམ་བུ་གླིང་དུ་གོ་ལྔའི་ཉི་མ་ཤར་སོང་། །

བསྭོ།་་་ང་ཚོ་ཚང་མས་གོ་ལྔའི་དུས་སྟོན་བསུ་འགྲོ། །

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག །

མི་འཇིགས་གདོང་ལྔའི་ཁྲི་ལ་རྟག་བརྟན་བཞུགས་པའི། །

སྐུ་ཚེའི་ཞབས་བརྟན་མཎྜལ་བརྟན་བཞུགས་འབུལ་ནས། །

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་མཉམ་འདེབས། །

བསྭོ།་་་་་་་ལྷོ་རྒྱལ་འཛམ་བུ་གླིང་དུ་གོ་ལྔའི་ཟླ་བ་ཚེས་སོང་།

བསྭོ།་་་་ང་ཚོ་ཚང་མས་གོ་ལྔའི་དུས་སྟོན་བསུ་འགྲོ། །

གསང་གསུམ་མཛོད་འཛིན་སྨྲ་དབང་ཡོངས་འཛིན་བླ་མའི། །

མཛད་འཕྲིན་པད་མོའི་འདབས་བརྒྱ་སྲིད་གསུམ་གྲོལ་བའི། །

གསོལ་འདེབས་དགོས་འདོད་ཀུན་འབྱུང་མཉམ་དུ་དབྱངས་ཤིང་། །

མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས། །

བསྭོ་་་་་་་ལྷོ་རྒྱལ་འཛམ་བུ་གླིང་དུ་གོ་ལྔའི་སྐར་མ་བཀྲ་སོང་། །

བསྭོ་་་་་་ང་ཚོ་ཚང་མས་ཉེར་ལྔའི་དུས་སྟོན་བསུ་འགྲོ། །

ཞང་བོད་ཚིག་མཛོད་ཆེན་མོ་སྨན་སློབ་མཆོག་གིས། །

གདན་ས་ཆེན་མོ་ཁྲི་རྟེན་ནོར་རྩེ་བཏབ་ནས། །

བཤད་སྒྲུབ་བཙུགས་ནས་ལོ་ངོ་ཉེར་ལྔ་འཁོར་བའི། །

དུས་སྟོན་དོན་གྲུབ་རྟེན་འབྲེལ་དབྱངས་ཀྱིས་བསུ་འོ། །

བསྭོ་་་ལྷོ་རྒྱལ་འཛམ་བུ་གླིང་དུ་ཉི་ཟླ་སྐར་གསུམ་འཛོམས་སོང་། །

བསྭོ་་་་ང་ཚོ་ཚང་མས་དགའ་བ་འབུམ་གྱིས་བསུ་འགྲོ། །

ཡོངས་འཛིན་བླ་མའི་སྐུ་ཡི་མཚན་དཔེ་མཛེས་སོང་། །

ཡོངས་འཛིན་བླ་མའི་གསུང་གི་ཚངས་དབྱངས་སྙན་སོང་། །

ཡོངས་འཛིན་བླ་མའི་ཐུགས་ཀྱི་མཁྱེན་བརྩེ་ཟབ་སོང་། །

མཆོད་དབྱངས་བཀྲ་ཤིས་གཡས་འཁྱིལ་ལེན་བཞིན་བསུ་འོ། །

 

ཡོངས་ཁུངས་གོང་གསལ་སྤྱི་སྟེགས་ཁག

(སྤྱིའི་གཟིགས་གྲངས། 1,288 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་༢༠༢…
error: རྩོམ་འདི་བདག་དབང་ཅན་ཡིན།