ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་གཉིས་པའི་གནས་བསྡུས།(2018)

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་གཉིས་པའི་གནས་བསྡུས།

  

སྤྱིར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་ཞིང་གདུལ་བྱའི་ཤེས་རྒྱུད་དཀྲོལ་དགོས་པ་བཀའ་ལུང་ལས་གསལ་བ་བཞིན། འཆར་ཅན་བཞིན་དགོན་འདིའི་སློབ་ཚན་གྱི་ནང་དུ་འཆད་སྦྱོང་གི་ཆེད་དུ་བགྲོ་གླེང་དང་། རྩོད་སྦྱོང་གི་ཕྱིར་དུ་ཉིན་རེའི་འཆད་ར་དང་། ཚད་མའི་རིགས་སྒྲ། རྩོམ་སྦྱོང་གི་རྨང་གཞི་བརྡ་དག་ཐ་སྙད་རིག་པ་གཙོར་སྦྱང་དང་།  རྩོམ་རིག་ཆུ་ཚད་གོང་མཐོར་གཏོང་བྱེད་རྩོམ་རྒྱུགས་དང་།  རྩོམ་རིགས་དུས་དེབ་བཅས་མིག་སྔར་འགྲེམས་དང་འགྲེམ་མུས་སུ་མཆིས།

དེ་བཞིན་རྒྱུགས་སྤྲོད་འདི་ནི་སློབ་སྦྱོང་ཡར་སྐུལ་དང་། སློབ་གཉེར་བའི་ལོ་རེའི་ཤེས་ཚད་ཕྱོགས་བསྡོམས་བྱེད་པའི་སྐབས་མཚམས་ཤིག་ཡིན་པས་ཧ་ཅང་གི་གལ་གནད་ཆེན་པོ་བརྩིས་ནས། བརྡ་དག་སྙན་གསུམ་དང་།  སྨན་རྩིས་དཀྱིལ་འཁོར། སྒྲ་དང་བཟོ་རིག་སོགས་སྐབས་བབ་ཀྱི་རིག་གནས་ཁག་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་དཀའ་བའི་གནད་རྣམས་ཆེད་དམིགས་ཀྱིས་དོ་སྣང་འབྱུང་ཕྱིར་ལོ་ལྟར་ཡིག་རྒྱུགས་དང་རྩོད་རྒྱུགས་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད་པ་ལྟར།

ཕྱི་ལོ་༢༠༡༩ ༡ ༡ ཞོགས་པའི་ཕྱག་ཚོད་༧ ༢༠ཐོག་འཛིན་གྲྭ་སོ་སོའི་དམ་བཅའི་རྒྱན་ཤོག་འཐེན་པ་དང་ཕྱག་ཚོད་༨ ༤༠ ཐོག་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་རྩ་གཞུང་འཛིན་པའི་སློབ་དཔོན། གྲ་ཚང་བླ་མ་དང་དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་རྫོགས་ཆེན་གོང་མའི་འཛིན་གྲྭ་ནས་འགོ་བཟུང་སྟེ་འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམ་པ་རེས་མོས་ཀྱི་དམ་བཅའ་བཞུགས་ཏེ། དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་ནས་བཞག་པའི་འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན་སྟེ་རྩོད་དང་རྩོད་སྤོང་བྱེད་མཐར། སྐབས་བབ་ཀྱི་རྩོད་པའི་དོན་གནད་དང་འབྲེལ་མིན་དང་། ལན་འདེབས་སྟངས། ལུང་ཚིག་སྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ནས་ཨང་ཀི་སྤྲོད་ཀྱི་ཡོད་པ་དང་། རྒྱུགས་སྤྲོད་ཀྱི་དུས་ཡུན་ཡང་འདི་ཟླའི་ཕྱི་ཚེས་གཅིག་དང་གཉིས་གསུམ་བཅས་ཁྱོན་ཉིན་གསུམ་གྱི་རིང་ལ་རྒྱུགས་སྤྲོད་བྱེད་མུས་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ཟླ་ ༠༡ ཚེས་ ༠༡ ཉིན་སྤེལ།། །།

86974cookie-checkགཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་གཉིས་པའི་གནས་བསྡུས།(2018)
(སྤྱིའི་གཟིགས་གྲངས། 962 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྐུ་ཞབས་བ་…
error: རྩོམ་འདི་བདག་དབང་ཅན་ཡིན།