ཐུགས་གསོའི་འཚམས་འཕྲིན།
ད་ལན་རྒྱལ་ཤོད་གསའ་མདའ་དགོན་མི་གཡོ་བསམ་གཏན་གླིང་གི་ཁྲི་རབས་བཅུ་གཉིས་པ་མཆོག་སྤྲུལ་ཞུ་གཡས་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། འདི་ག་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས་ཀྱང་མྱ་ངན་གུས་འདུད་དང་བཅས་དམ་པ་མཆོག་གི་ཐུགས་དགོངས་ཡོངས་སུ་རྫོགས་ཆེད་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་། སླད་མར་རྗེས་འཇུག་སློབ་འབངས་རྣམས་ཀྱིས་གང་གི་ཐུགས་དགོངས་ཇི་བཞིན་བསྟན་འགྲོའི་མཛད་འཕྲིན་རྒྱུན་བསྐྱང་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་དེ་དོན་ཐུགས་འཇོག་གནང་བར་འཚལ་ཞེས་ཞུ་བ་དང་ཆབ་གཅིག རྒྱལ་ཤོད་གསའ་མདའ་བོན་དགོན་གྱི་ལྷ་སྡེ་མི་མང་དང་རྗེས་འཇུག་བུ་སློབ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།
དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས།