ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་དྲན་པའི་འབུམ་ཚོགས་ཀྱི་ཞབས་རིམ་སྒྲུབ་བཞིན་པ།

སྐྱེ་འགྲོ་སེམས་ཅན་ཀུན་གྱི་ཕན་བདེའི་གཞི་རྩར་གྱུར་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། བསྟན་བདག་དམུ་རིགས་གཤེན་གྱི་གདུང་སྲས་རིན་པོ་ཆེ་རྣམ་པ་གཉིས་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་འདིའི་ཕྱི་འདུལ་བ།ནང་གསང་སྔགས།གསང་བ་སེམས་ཕྱོགས་བཅས་ཀྱི་དབང་ལུང་མན་ངག་གི་ཆུ་བོ་གཅིག་ཏུ་བསྡུས་ཏེ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱིས་རང་ཅག་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། དེ་བཞིན་གདན་ས་འདི་ཡི་༧སྐྱབས་རྗེ་མཁན་སློབ་རྣམས་ཀྱི་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་བསྟན་དང་འགྲོ་བའི་དོན་གྱི་འཕྲིན་ལས་ལྷུན་གྱིས་འགྲུབ་ཅིང་སྐུ་ཚེའི་གེགས་རྐྱེན་དང་བར་ཆོད་ཡོངས་སུ་ཞི་བ་དང་། གདན་ས་འདི་ཡི་བཤད་སྒྲུབ་ཀྱི་སྡེ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། རྣམ་དཀར་དད་སྦྱིན་ཁག་གི་གཙོས་དད་ལྡན་ཕོ་མོ་ཡོངས་ཀྱི་འདི་ཕྱིའི་དོན་གཉིས་འགྲུབ་ཅིང་འཕྲལ་གྱི་རྐྱེན་དང་བར་ཆོད་ཡོངས་སུ་ཞི་བ་དང་། སྙིགས་དུས་འདིར་ལྷག་པར་འབྱུང་དང་འབྱུང་བཞིན་པའི་མེ་ཆུ་ས་རླུང་གི་འཇིགས་པ་རྣམས་དང་། ཁྱད་པར་དུ་ཉེ་བའི་ལོ་ཟླའི་ནང་ཡོང་དང་ཡོང་བཞིན་པའི་དམག་འཁྲུག་དང་ནད་རིམས་ཀྱི་རྐྱེན་ངན་འདི་རྣམས་མྱུར་དུ་ཞི་ཞིང་འཛམ་གླིང་གོ་ལ་འདིའི་སྣོད་བཅུད་གཉིས་ལ་ཞི་བདེའི་དཔལ་ཡོན་གྱིས་ཁྱབ་པར་ཡོང་བ་སོགས་ཀྱི་ཆེད་དམིགས།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ལོ་ལྟར་རེ་བཞིན་ལོ་དུས་ཀྱི་མཆོད་པ་ལས་འདི་ལོའི་བླ་ཆེན་དྲན་པའི་འབུམ་འཚོགས་ཆེན་མོ་དེ་ཉིད་ཟླ་འདིར་འཚོགས་བཞིན་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༣ ཉིན་གྲྭ་མང་ཡོངས་ནས་དཀྱིལ་འཁོར་བཅའ་བཀོད་དང་མཆོད་པའི་དམིགས་རྟེན་གྱི་ཚོགས་རྫས་རྣམས་བཤམ་བདལ་ལེགས་པར་བགྱིས་ཤིང་། ཚེས་༡༤ ནས་ཉིན་གྲངས་བདུན་རིང་གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན། སྙིགས་དུས་ཀྱི་འགྲོ་བའི་དཔལ་མགོན་དུ་ཞལ་གྱིས་བཞེས་པ་རིག་འཛིན་ཆེན་མོ་བླ་ཆེན་དྲན་པ་ནམ་མཁའི་སྐུ་ལ་དྲན་པ་ཡང་སྙིང་དབང་གསུམ་གྱི་སྒྲུབ་ཐབས་སྒོས་གྲྭ་མང་འདུས་པ་རྒྱ་མཚོས་ཚོགས་ཀྱི་མཆོད་པ་རྒྱས་པར་འབུལ་བཞིན་ཡོད་པའི་གནས་བསྡུས་སུ།

ཚུལ་ཁྲིམས་དྲི་མེད་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༥ ཉིན།

པར་པ་ཚུལ་ཁྲིམས་དྲི་མེད།

(སྤྱིའི་གཟིགས་གྲངས། 645 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།