ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བལ་ཡུལ་ཇོ་ནང་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་འདུས་སྤྱི་ནས་ཐུགས་གསོའི་ཞུ་ཡིག

མྱ་ངན་དང་ཐུགས་གསོའི་ཞུ་ཡིག

༄༅།།ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་ཞལ་ནས་ཀྱིས།སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་ཆེན་འབའ་ཞིག་བསྐྱངས་ཏེ།བགྲང་བྱ་བཅུ་ཕྲག་བཅུ་སྟེ་དགུང་གྲངས་བརྒྱ་ཕྲག་བཞེས་པའི་བརྒྱ་སྟོན་ཆེན་མོའི་མཛད་སྒོ་ཡོངས་སུ་གྲུབ་རྗེས།ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན།དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པར་བཞུགས་ཏེ།ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་གྱིས་རེ་ཞིག་གཟུགས་སྐུ་རགས་པའི་བཀོད་པ་གདོད་མ་བོན་སྐུའི་གཞི་དབྱིངས་སུ་བསྡུས་ཚུལ་བསྟན་པ་ནི།

སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པར་གྱོང་གུན་ཚབ་མཚོན་བྲལ་བ་ཞིག་ཡིན་པས།བོན་འབངས་གཞིས་བྱེས་ཡོངས་དང་།ལྷག་པར་དུ་ཁོང་གི་རྩ་བའི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་འདུས་པ་རྒྱ་མཚོར་མྱ་ངན་ཐུགས་གསོ་ཞུ་བ་དང་འབྲེལ།བདེ་བར་གཤེགས་པ་གང་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་།འབྲེལ་ཐོགས་ལུས་ཅན་མཐའ་དག་གིས་སྒོ་གསུམ་བྱས་བསགས་ཀྱི་སྡིག་ལྟུང་གང་དག་བྱང་ཞིང་དག་ནས།ཚེ་རབས་ཕྲེང་བར་སྐྱབས་རྗེ་ཡོངས་འཛིན་བདེ་བར་གཤེགས་པས་མཉེས་བཞིན་རྗེས་སུ་བཟུང་སྟེ།མཐར་ཐུག་ཡེ་གྲོལ་གདོད་མ་བོན་སྐུའི་ཀློངས་ཡངས་སུ་མི་འབྲལ་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་ཆེད།འདི་གའི་བླ་སྤྲུལ་མཁན་དགེ་འདུས་མང་ནས་ཐུགས་སྨོན་གཟབ་རྒྱས་ཀྱི་སྒོ་ནས་མཆོད་འབུལ་སྨོན་ལམ་ཅི་ནུས་ཞུ་རྒྱུ་བཅས།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། བལ་ཡུལ་ཡང་ལེ་ཤོད་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་འདུས་སྤྱི་ནས་གུས་འདུད་བཅས་ཕུལ།

(སྤྱིའི་གཟིགས་གྲངས། 52 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཀྱེ་མ་ཐུགས…
error: རྩོམ་འདི་བདག་དབང་ཅན་ཡིན།