ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

རྩོམ་པ་པོ། སློབ་དཔོན་བསྟན་འཛིན་རྣམ་དག

༄༅། །བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་འདུད། །རབ་ཟབ་ཐུགས་བསྐྱེད་ཚཽགས་ཀྱི་རྒྱ་མཚོ་ལས། །ཕུན་ཚོགས་ཡོན་ཏན་ནོར་བུའི་གཏེར་ཆེན་བརྡོལ། །རྨད་བྱུང་མཛད་པའི་འོད་སྟོང་ཕྱོགས་བརྒྱར་འཕྲོས། །བརྒྱ་པའི་མགོན་པོ་ཁྲི་གཙུག་རྒྱལ་བར་འདུད། །ཕན་བདེའི་གཞི་རྩ་གཤེན་བསྟན་རྒྱལ་བའི་མཚན་མ་ཅན། །སྲིད་མཐའི་བར་དུ་འཛིན་སྐྱོངས་སྤེལ་བའི་འཕྲིན་ལས་མཁན། །སྤྲུལ་པའི་སྐུ་དང་རྟག་གཟིགས་ཞང་ཞུང་མངའ་རིས་སྟོད། །མདོ་ཁམས་དབུས་གཙང་སོགས་ཀྱི་མཁན་སློབ་རྣམས་ལ་འདུད། །གདུལ་བྱའི་ངོར་བསྟུན་རྣམ་བཞིའི་འཕྲིན་ལས་ཀྱིས། །རྒྱལ་བསྟན་བསྐྱང་དང་ཚུལ་བཞིན་སྒྲུབ་པའི་སྡེ། །བུ་བཞིན་སྐྱོང་མཛད་སྲུང་མ་རྣམ་དྲུག་གིས། །བསྟན་འདི་གཡེལ་བ་མེད་པར་སྲུང་དུ་གསོལ། །བསྟན་པའི་ཉི་མ་གསལ་བའི་འཇུག་

ངོགས་སུ། །བདག་གིས་འབད་དེ་སྲིན་འཇུག་འོད་ངོམས་མིན། །རྒྱས་བསྡུས་བསླད་པའི་ཕྱོགས་ལས་རིང་བྱས་ཏེ། །སྐབས་ཀྱི་གྲོགས་དག་བསྟན་ལ་གཞུག་ཕྱིར་ཡིན། །དེ་ལ་བྱུང་ཁུངས་བརྒྱུད་འཛིན་ངོ་བོ་དང༌། །དབྱེ་བ་གནང་ཚུལ་ཐོབ་པ་སྲུང་བ་དང༌། །ཉམས་པ་གསོ་བའི་ཚུལ་བཅས་བདུན་གྱིས་བསྟན། །བརྒྱ་པའི་མགོན་དེས་ཐུགས་བསྐྱེད་ཚོགས་གཉིས་བསགས། །རྫོགས་སངས་རྒྱས་ཏེ་མི་མཇེད་སྟོན་པར་བྱོན། །སོ་གཅིག་ལོ་བཞེས་སྡུག་བསྔལ་བཞི་ལ་གཟིགས། །ངེས་འབྱུང་རྐྱེན་བསྐུལ་མཆོད་རྟེན་རྣམ་དག་དྲུང༌། །རབ་བྱུང་ཚུལ་བླངས་ལེགས་ལྡན་རྒྱལ་བ་ལས། །བསྙེན་པར་རྫོགས་སོགས་སྡོམ་གསུམ་བཞེས་པར་མཛད། །དཀའ་སྤྱད་གསུམ་མཐར་བདུད་བཏུལ་རྒྱུད་དྲུག་གསུངས། །མཁན་སློབ་བཞི་ལྡན་འཁོར་ལ་སྡོམ་པ་ཕོག །མུ་ཆོས་བཀྲལ་ནས་རྒྱན་དྲུག་རྣམས་ཀྱིས་སྤེལ། །རྟག་གཟིགས་ཞང་བོད་སྟོད་སྨད་དབུས་སུ་དར། །ཚུལ་ཁྲིམས་ངོ་བོ་སྲུང་བའི་སེམས་པ་སྟེ། །དབྱེ་བ་ཁྱིམ་པ་རབ་ཏུ་བྱུང་བ་གཉིས། །རྟེན་གྱི་སྒོ་ནས་བསྙེན་གནས་དགེ་བསྙེན་གཉིས། །གཙང་གཙུག་དྲང་སྲོང་གཉིས་བཅས་སྡེ་བཞིའོ། །ཕོ་མོའི་རྟེན་གྱི་སྒོ་ནས་རིགས་བརྒྱད་དོ། །གནང་ཚུལ་རྟེན་ནི་དབང་གཙང་སྐལ་པ་ལྡན། །ངེས་འབྱུང་ལྡན་ལ་དད་པ་རབ་ཏུ་བརྟན། །མ་ནིང་དབང་པོ་དང་ནི་བློ་སྐྱོན་ཅན། །མ་གནང་མི་ཁོམ་ལེགས་སྨོན་འཇིག་སྐྱོབས་མིན། །བླངས་ཡུལ་རང་གཞན་གཉིས་ཏེ་རང་ཉིད་ཀྱིས། །བདེར་གཤེགས་བསྟན་དང་བཅས་ལས་ལེན་པའོ། །གཞན་ཡུལ་རྒྱུད་ལྡན་མཁས་བཙུན་རྫོགས་སྨིན་བརྟན། །གཞན་དོན་ནུས་དང་མཛད་པ་ལེན་པའི་ཡུལ། །དེ་ཡང་མཁན་སློབ་དཔོན་པོ་ལོ་ཙྭ་འཚོགས། །རབ་དང་མེད་ན་གཅིག་རུང་ལེན་པའི་ཚུལ། །རིམ་བཞིན་བསྙེན་གནས་དགེ་བསྙེན་གཙང་གཙུག་དང༌། །དྲང་སྲོང་ལས་སོགས་མཁྱེན་གསོལ་སྐྱབས་འགྲོ་

(སྤྱིའི་གཟིགས་གྲངས། 225 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།