ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

དང༌། །སྡོམ་འབོག་བསླབ་བཤད་ལས་སོགས་ལས་ཆོག་ལྟར། །སྔ་མ་སྨིན་རྗེས་ཕྱི་བསྣན་རབ་དུ་བྱུང༌། །དེ་ཡང་མཁན་པོས་ཚུལ་དང་སློབ་དཔོན་ཁྲིམས།། དཔང་པོ་གཟུར་གནས་ལོ་ཙཱས་ཉེས་སྐྱོན་འདྲི། །ཐོབ་མཚམས་ཆོ་ག་རྫོགས་པའི་ཐ་མ་ལ། །ཐོབ་ལེགས་ལན་གསུམ་བསྐྱར་ཏེ་བརྗོད་པའི་སྐབས། །བླངས་བྱའི་སྡོམ་པ་དུས་བར་སྲུང་དམ་བཅའ། །ཐོབ་པ་སྲུང་ཚུལ་གནས་དབྱེ་སྐྱབས་འགྲོ་བྱ། །བསྲུང་ཉམས་སྐྱོན་ཡོན་ཞིབ་བསླབ་དྲན་ཤེས་བསྟེན། །བསྙེན་གནས་ཡན་ལག་བརྒྱད་ཅེས་རྩ་བ་བཞི། ཁ་ཟས་བཞི་དང་སྒོ་གསུམ་མ་དག་ལས། །ཁྲི་གདན་སིལ་བུ་སྤང་བ་དུས་ཀྱི་ཁྲིམས། །དགེ་བསྙེན་གཏན་ཁྲིམས་སྣ་ལྔ་སྲོག་གཅོད་དང༌། །མ་བྱིན་ལེན་པ་རྫུན་དང་ལོག་པར་གཡེམ། །ཆང་བཅས་སྤངས་བ་ཚངས་སྤྱོད་དགེ་བསྙེན་དང༌། །ཕལ་ཆེར་སྲུང་དང་ཡོངས་རྫོགས་ལོག་འཁྲུལ་འགའ། །སྲུང་བའི་དགེ་བསྙེན་རྣམས་སུ་དབྱེ་བའོ། །འདི་དག་ཁྱིམ་པར་གནང་བའི་སྡོམ་པའོ། །རབ་བྱུང་གཙང་གཙུག་ཚུལ་ཁྲིམས་ཉེར་ལྔ་སྟེ། །རྩ་བ་བཞི་ནི་སྲོག་གཅོད་མ་བྱིན་ལེན། །མི་གཙང་སྤྱོད་པ་རྫུན་བཅས་ཡན་ལག་བཞི། །སྦྱོར་གསུམ་ཚང་མིན་ཉམས་ཉེས་ལྟུང་བ་བརྩི། །མི་དགེ་དྲུག་ནི་ངག་འཁྱལ་ཚིག་རྩུབ་དང༌། །ཕྲ་མ་མངན་སེམས་གདུག་སེམས་ལོག་པར་བལྟ། ཁ་ཟས་བཞི་ནི་ཤ་ཆང་སྒོག་ཙོང་དང༌། །དུས་མིན་ཁ་ཟས་ཟ་བ་དང་བཅས་སོ། །ཁྲི་གདན་སྡེ་གསུམ་མཐོ་དང་རིན་པོ་ཆེ། །འཇའ་ཚོན་རིས་བཅས་དྲེགས་པས་གདིང་བའོ། །སིལ་བུ་གསུམ་ནི་གསེར་དངུལ་འདོད་པས་ལེན། །རྒྱན་དང་བྱུག་པ་མ་དག་སྤྱོད་སོགས་སོ། །རྗེས་བསྲུང་ལྔ་ནི་བཞར་བྲེག་ཁྲུས་གོས་རྫས། །ཚུལ་མིང་ལས་སོགས་སྤྱོད་ཚུལ་རྣམ་དག་གོ། །མ་དག་ས་རྐོ་རིན་ཆེན་མེ་ལ་རེག །བློས་གཏང་རྗེས་ཟ་ལྗོན་ཤིང་འཛུགས་དང་གཅོད། །བྱིན་ལེན་མ་བྱས་པ་དང་འཕྲོ་བསགས་ཟ། །འཆའ་བཞིན་བཟློ་དང་རྗེན་ཟས་སྤྱོད་སོགས་སྲུང༌། །རྩྭ་སྔོན་མི་གཙང་འདོར་དང་སོན་རིགས་གཞོམ། །གནས་ཀྱི་བླ་མ་བསྟེན་ལ་བྱ་བ་ཞུ། །ངོ་ཚ་ཁྲེལ་ཡོད་དྲན་ཤེས་གཉེན་པོ་བསྟེན། །གནང་དང་དགག་པའི་བསླབ་བྱར་གོམས་པའི་ཕྱིར། །དབྱར་གནས་བཙུན་པ་དུ་མར་ལྷན་དུ་འཚོགས། །དུས་མཚམས་བཅད་དེ་བསླབ་བྱར་ཞིབ་དུ་འཇུག །དུས་ཚིགས་ཐིམ་ནས་མི་དགག་དབྱེ་ཞིང་བཀྲོལ། །ནང་ནུབ་སོགས་དང་དུས་གཉན་གསོ་སྦྱོང་འབད། །དབྱར་དགག་གཞུང་གསལ་མེད་ཀྱང་ཕན་ཆེ་གསུངས། །ངེས་པར་རང་གཞུང་དཀའ་ཐུབ་མདོར་བསྟུན་ནས། །གཞན་ལ་ལྟོས་མེད་གཤེན་རབ་རྗེས་བསླབ་ན། །བསྙེན་པར་རྫོགས་རྗེས་དཀའ་ཐུབ་གསུམ་དུ་འབད། །རྨད་བྱུང་མཁན་སློབ་དཔང་པོའི་མདུན་དྲུང་དུ། །བསླབ་གསུམ་རྣམ་དག་སྡོམ་པ་ནོད་ནས་སུ། །དབེན་པའི་གནས་བཟུང་འཇག་མའི་སྤྱིལ་པོ་ཕུབ། །དག་པའི་དཀའ་ཐུབ་འཕགས་པའི་སྤྱོད་ལམ་བསྲུང༌། །ཉིན་མཚན་དུས་དྲུག་ཐུན་དུ་བཅད་ནས་སུ།། ཞེས་གསུངས་ནམ་ལངས་ཁྲུས་དང་ཉི་ཤར་ལ། །ཕྱག་བཤགས་ཉི་དྲོས་སྐབས་སུ་མཆོད་འབུལ་དང༌། །ཁ་ཟས་མཛད་ཅིང་རྟེན་བཞེངས་ཐོས་བསམ་བྱ། །གུང་ནས་དགོང་བར་སྙིང་པོ་བཟླ་བ་དང༌། །དེ་ནས་སྲོད་བར་གླུད་གཏང་སྨོན་ལམ་བྱ། །གུང་བར་ཏིང་འཛིན་ལ་འཇུག་ཐོ་རངས་བར། །བསྙེལ་གཟིམས་ནམ་ལངས་བར་དུ་མཚན་བརྗོད་བྱ། །འདི་བཞིན་ལོ་ཟླ་ཞག་གྲངས་འགྱུར་དུས་བརྩོན། །ཕྱི་རབས་རྣམས་ལ་དཔེར་སྟོན་མཛད་པས་ན། །མི་བསྒྲུབ་གཞན་དཔེ་ལེན་པ་ཤིན་ཏུ་ནོངས། །སྐྲ་ནི་དགོན་པར་སོར་གཉིས་གཞན་ཕྱེད་གཉིས། །གཙང་ལ་མཛེས་བཞར་ཁ་སྣའི་སྤུ་ཡང་བྲེག། །སེན་མོའི་ཚོགས་ནི་

(སྤྱིའི་གཟིགས་གྲངས། 237 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།