ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

ཟླུམ་བྲེག་སྐྲ་སེན་གྱི། །བྲེག་རུལ་སྭ་ཚྭ་གདབ་བམ་དབེན་སར་དོར། །ཆུ་ལ་སྤྱོད་ཚེ་བརྟག་བཙགས་གཞན་གནོད་སྤོངས། །རྒྱང་གྲགས་ལྔ་ཕན་འགྲོ་ན་ཆུ་ཚགས་འཆང༌། །དགོས་ན་ཕྱི་དྲོར་དར་བ་མཆན་ཁུ་གནང༌། །སྟབས་དང་ཞོར་ལ་སྲོག་ཆགས་གནོད་པ་སྤོངས། །གོས་རྒྱུ་པད་ཤུན་སྣམ་ཐེར་ཕྱིང་པ་གནང༌། །དར་ཟབ་རེའུ་འབྲི་ར་བལ་ཁྱི་སྤུ་མིན། །སྤུ་ཅན་སྤུ་མེད་སྲོག་ཆགས་ཤུན་པ་བཀག །བཙག་རམ་ངུར་སྨྲིག་ཚོས་ཀྱིས་ཁ་དོག་བསྒྱུར། །ཚོས་ཆེན་བརྒྱད་ཀྱི་མདོག་འགྱུར་སྤོངས་བར་བྱ། །པད་ཞུ་སུལ་བུ་ཚངས་བུག་པད་མ་ཅན། །འདབ་བརྒྱད་མཐར་རྒྱན་རྩེ་རྒྱན་ཕྱིས་སུ་བཅོས། །མཛེས་པར་བགོ་ཞིང་གཡོན་ཕུད་བཀན་ཏེ་བཞག །དེ་ཡང་བསྙེན་རྫོགས་མིན་པར་མི་དབང་ངོ། །གདུང་བ་བསྐྱབ་ཕྱིར་ཡུལ་མཐུན་ཞྭ་གཞན་གནང༌། །རྨད་གོས་བབས་སུ་ཁྲུ་གསུམ་ཕྱེད་དང་གསུམ། །དེ་གཉིས་བར་མ་འབྲིང་ཏེ་ལག་ཁྲུ་ལྔ། །གླིང་སྣམ་ཉེར་ལྔ་ནས་ནི་དགུ་ཡི་བར། །རབ་འབྲིང་ཐ་མ་དགུ་ཕྲུག་རིམ་བཞིན་དུ། །གླིང་ཕྲན་ཕྱཻད་ལྔ་ཕྱེད་བཞི་ཕྱེད་དང་གསུམ། །ཀ་བ་གཡས་གཡོན་མ་ལོག་ཚལ་བུ་བསྙལ། །ལྕགས་རི་ཚལ་བུའི་ཚད་ནི་སོར་བཞིའོ། །བགོ་ཚུལ་གཙང་སྦྲས་ཡས་མར་ཀླུབས་པ་དང༌། །མས་ཡར་སྤར་ཏེ་འབུད་པ་ལུགས་དང་བསྟུན། །རྨད་འོག་ཚད་དང་བགོ་ཚུལ་དེ་དང་མཚུངས། །སྟོད་གོས་བབས་སུ་མཐོ་དྲུག་སུལ་བུ་ཅན། །གཡོན་གྱིས་གཡས་བཀབ་མདུན་དུ་སོར་གསུམ་བསྣོལ། །རྔུལ་གཟན་ཤིང་རས་དཔུང་ཆད་ཅེས་པའང་གནང༌། །སྨད་ཤམས་བབས་སུ་མཐོ་ལྔ་ཞེང་ཁྲུ་ལྔ༌། །ལྕགས་རི་སོར་བཞི་མཉམ་པར་ཟླུམ་པོར་བགོ། །བགོ་ཚུལ་མི་མཐུན་དབྱིབས་རྣམས་སྤང་བར་བྱ། །པད་ལྷམ་པད་དབྱིབས་ཡུ་བ་པུས་མོར་མཉམ། །དབེན་ཕྱོགས་ཁ་བསྟན་བག་ཟོན་བཅས་ཏེ་གོན། །གདིང་བའི་ཆུ་ཞེང་ཁྲུ་དོ་ཁྲུ་གང་བར། །རབ་འབྲིང་ཚད་དང་དཀྱུས་སུ་ཁྲུ་དོ་དང༌། །སོར་དྲུག་རྒྱན་དང་ལྕགས་རི་སོར་བཞིའོ། །འདུག་དུས་གདིང་ཞིང་འགྲོ་ཚེ་གྲུ་མོར་དགལ། །ཕོད་ཁ་སྦུབས་ཅན་ཁ་ཚར་ཅན་གོས་མིན། །སག་ཏི་ཡུ་རིང་སྟག་གཟིག་རྩྭ་ལྷམ་སྤོངས། །ཚུལ་གོས་བཞི་ནི་དགེ་སྦྱོང་བྱ་དུས་གསོལ། །རྩི་བེར་དབེན་གནང་ཤ་འགག་ཐང་བ་གསོལ། །གཞན་བསྐུར་མིན་ཚེ་མཐོ་བཟང་མཛེས་ཁྲི་སྤོངས། །ཧོས་རུ་གཞི་སྐུར་སྤུ་གྲི་ཚེམས་ཁབ་དང༌། །ཁྲུས་བུམ་ཕྲེང་བ་དང་བཅས་རིན་ཆེན་རྫས། །ཧོས་རུ་རིན་ཆེན་ལས་གྲུབ་མཆོད་རྟེན་བརྩེགས། །བུམ་པ་པདྨ་ར་མིག་ལྕགས་ཀྱུས་མཛེས། །ཁྲུ་གསུམ་ལྡན་པ་ཕྱག་རྟེན་འཇིག་སྐྱོབས་ཡིན། །ཁྲུས་བུམ་གཙང་མ་ཆུས་བཀང་ལོངས་སུ་སྤྱོད། །བཞར་བྲེག་ཆེད་དུ་སྤུ་གྲི་རྣོན་པོ་བཙའ། །ཚུལ་གོས་བསྲུང་ཕྱིེར་ཁབ་རྣམས་ཤུབ་ཏུ་བཙའ། །ལྕགས་དང་ས་ལས་ལྷུང་བཟེད་ཟླུམ་རིལ་ནག །ཆེ་ཆུང་ཚད་ལྡན་ཟས་ཆེད་གཙང་མ་འཆང༌། །པད་ཁུག་སྔོན་པོ་དཀྱུས་སུ་ཁྲུ་དོ་དང༌། །ཞེང་དུ་མཐོ་གང་སོར་གཉིས་ཁུག་ལྔ་ཅན། །རྫས་བཙལ་འཕྲག་དགལ་འདུག་དུས་ལྕགས་ཀྱུ་དགལ། །ཕྲེང་བ་རྣམ་ལྔ་བོན་དང་སྦྱར་ཏེ་འཆང༌། །མདའ་མཚོན་རུས་པའི་རྒྱན་སོགས་གཏན་མི་འཆང༌། །ལངས་པའི་སྤྱོད་ལམ་བག་ཡོད་ཟོན་གྱིས་བསྲུང༌། །འགྲོ་དུས་དབྱར་མཚན་དགུན་ཁར་སྔ་དགོང་གནང༌། །མཆོངས་རྒྱུགས་ཟུར་འགྲོས་གནོད་སར་འགྲོ་སོགས་སྤོངས། །འདུག་ཚེ་བླ་རྟེན་རྒྱབ་ཕྱོགས་ཁྲོས་བཞིན་དང༌། །ཉལ་འཕྲ་ཁ་སྦུབས་གན་རྐྱལ་བསྙེལ་རྐང་བརྐྱང༌། །གཤིབས་བརྐྱངས་ཁྱི་ཚུགས་གཉིད་ཅིང་འདུག་སོགས་སྤོང༌། །པུས་གཙུག་ཐལ་སྦྱར་སྐྱིལ་ཆུང་ཅོག་པུར་འདུག །དཀར་མངར་འབྲུ་དང་སྔོ་རྔོད་ཤིང་ཏོག་སྨན། །དུས་དང་དུས་མིན་ཐུན་མཚམས་ཞག་བདུན་ཚུན། །སྐྱ་རེངས་ཤར་ནས་ཉིན་ཚད་མ་ཡོལ་བར། །ནད་པ་ལ་ནི་དུས་མིན་གནང་བ་ཉིད། །འདྲེན་བར་ཆོད་དང་བར་རིང་ཟུར་རྒྱབ་དང༌། །གཡས་གཡོན་ཕྱིན་ཕྱོགས་ཁྲུ་གང་ལས་འདས་པ། །མི་བླངས་སོར་བསྡམ་མ་འོངས་མི་བཟེད་ཅིང༌། །མི་གཏམ་གང་བབ་བླངས་ཞིང་བར་ཆད་མནན། །དུག་ལྔས་བསླད་མིན་དགེ་རྟེན་འཚོ་ཕྱིར་བཟའ། །མཆོད་དང་སྦྱིན་བྱ་ནད་ཁམས་གང་འཕྲོད་བརྟེན། །མ་ཐལ་ཆ་གཉིས་ཟས་བཀང་ཕན་ཚུན་བལྟ། །གཞན་འཐབ་སྐྱོན་བརྗོད་ཁ་བཀང་བགོད་སྨྲ་དང༌། །མི་སླག་མི་མགྱོགས་གཟུགས་བཅོས་གཞོམ་པ་དང༌། །སྒུལ་བཞིན་སོས་བཅོད་ཉལ་ལངས་འདུག་ས་

(སྤྱིའི་གཟིགས་གྲངས། 232 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།