ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

ཡུལ་ཞིང་རྫས། །ནོར་དང་ཀུན་འབྱུང་འདུ་འཛི་འཁོར་བའི་སོན། །སྡུག་བསྔལ་སྐྱེད་ཤིང་ཕྱིན་ལོག་དང་བཅས་བཅུ། །ཟས་ནོར་བླང་བར་འདོད་པའི་འདོད་སེམས་ལ། །གཟུགས་སྒྲ་དྲི་རོ་རེག་རྒྱན་ལོག་ལྟ་དང༌། དོན་མིན་བསླུ་རྗེས་དུག་མཚོན་སྲོག་འཕྲོག་བཅུ། །གང་ཞིག་སྦྱིན་ལ་འཕོངས་པའི་སེར་སྣ་ལ། །གཟུགས་སྒྲ་དྲི་རོ་རྒྱན་གོས་བོན་ལ་དང༌། །འཕོངས་པའི་མདུད་ལྡན་སེར་སྣ་བཅས་པ་བདུན། །སྦྱིན་ལ་འཕོངས་བས་གེགས་བྱེད་འཇུངས་གེགས་ལ། །སྦྱིན་པ་གཏང་དང་ཡོངས་སུ་རབ་ཏུ་དང༌། །ཆེན་པོ་བཏང་བ་ཁ་ལག་སྐྱབས་ཀྱི་སྦྱིན། །གནས་དང་བོན་དང་ཤེས་རབ་འཇུངས་གེགས་བཅུ། །གནོད་པར་བཟོད་མི་ཐུབ་པའི་བྱུང་ཚོར་ལ། །འགོག་པ་མིག་རྣ་སྣ་ལྕེ་ལུས་དང་ཡིད། །བག་ཆགས་འགྲན་འཛུག་སྒྲོ་འདོགས་འགལ་བའི་རྐྱེན། །འཆི་འཕོ་ཡིད་མི་བདེ་ཚོར་བཅུ་གསུམ་མོ། །བདག་གཞན་འཛིན་པའི་ཉོན་མོངས་ཡིད་ལྡང་བ། བདག་འཛིན་འཐབ་རྩོད་བག་ཆགས་རང་ཁ་མ། །ཁྱིམ་ཐབས་རྣམ་སྨིན་ཕྱིན་ལོག་བསླུ་བ་པོ། །ཕྱི་ལྡོག་མི་ཁོམ་སྐྱེ་ཤིར་ལུང་འདོགས་དང༌། ཉོན་མོངས་གཡོ་ལ་ཉོན་ལྡང་བཅུ་གཉིས་སོ། །དགེ་ལ་འཇུག་མི་སྤྲོ་བའི་ལེ་ལོ་ལ། །བརྩོན་འགྲུས་བཏང་སྙོམས་དགེ་བསྒྲུབ་མཚན་བཅས་སོགས། །བོན་སྐུ་ཡོན་ཏན་དད་ཆེན་རབ་ཏུ་བྱུང༌། །ཆགས་མེད་དོན་ངེས་དོན་དམ་ལེ་ལོ་བཅུ། །ཕྱིན་ལོག་འཁོར་བའི་ལས་ལ་སྨོན་པ་ནི། །འཁོར་བ་ཁྱིམ་ཐབས་སྲོག་དབུགས་ནོར་དང་ཟས། །གཞན་གནོད་དམག་དཔོན་བདུད་ལས་དགེ་རྒྱུན་གཅོད། །ཐུགས་དཀྲུགས་ལོག་སྟོན་སྨོན་བཅས་བཅུ་གཉིས་སོ། །དོན་ལ་གཉིས་སུ་ལྟ་བའི་རེ་དོགས་ལ། །འབྲས་བུ་སྨོན་ལམ་དགེ་སྡིག་དྲོད་རྟགས་དང༌།། རྟག་ཆད་མཐའ་བྲལ་སོགས་ལ་དོགས་པ་ལྔ༌། །འཇིག་རྟེན་འཁོར་བའི་སྤྱོད་ལ་ཆགས་ཤིང་ཞེན། །འཁོར་བ་འདུ་འཛི་བུ་ཚ་འཁོར་བའི་མཐའ། །གཉེན་དང་བག་ཆགས་ལ་ཆགས་དྲུག་སྤང་ངོ༌། །ཡུལ་ལ་སེམས་འཕྲོས་བསམ་པ་གཡེང་བ་ལ། །གནས་ལུགས་ཚུལ་མིན་མ་དག་ལམ་མཐར་ཕྱིན། །ཡིད་བསླུ་ཆགས་པས་གཡེང་བ་བྱེད་དང་དྲུག །དངོས་པོའི་དོན་ལ་འཁྲུལ་ཞིང་འཆལ་བློ་ནི། ཡིད་མི་བདེ་དང་བག་ཆགས་རྣམ་རྟོག་དང༌། །ཡིད་བསླུ་གཉེན་གདུང་མྱོས་པའི་ཆུ་ལ་འཐུང༌། །བྱིང་དང་རྟག་ཆད་དོན་མི་ལྡན་འཁྲུལ་དགུ། ཁྲིམས་ཆེན་བདུན་ནི་ཡུལ་མཁར་ཁྱིམ་ཐབས་བུ། །སློབ་བུ་ནོར་དང་འཁོར་གཡོག་སྤང་བ་འོ། །ཁྲི་གདན་གསུམ་ཞེས་བཟང་པོ་མཛེས་དང་མཐོ། །ཁེངས་མིན་གཞན་གྱིས་བསྐུལ་ཕྱིར་ཉེས་མེད་གནང༌། །ཁ་ཟས་བཞི་ནི་དུས་མིན་ཤ་སྒོག་ཆང༌། །ཉིན་གུང་དྲོ་ཐོན་རྗེས་སུ་བཟའ་བ་མིན། །བཀྲེན་ཆེས་ནད་པ་སོགས་ལ་དགོས་ན་གནང༌། །ཕ་མའི་འབྲེལ་དང་མི་གཙང་ཉེས་བསྐྱེད་ཕྱིར།། ཤ་ཡི་ཁ་ཟས་མི་ཟ་སྤང་བར་བྱ། །ཤི་ཤ་ཚོང་འདུས་ཉོས་ཤའི་ཤ་ལ་གནང༌། །དྲི་དང་ནུས་པས་ཉེས་པ་མང་བསྐྱེད་ཕྱིར། །སྒོག་དང་ཙོང་གི་ཁ་ཟས་སྤང་བར་གསུངས། །ནད་སོགས་བསྲུང་ཕྱིར་ལུས་ལ་གདགས་སོགས་གནང༌། །འབྲུ་སྦྲང་རྒུན་སོགས་ལས་བཙོས་ཆང་ནུས་ཀྱི། །ཉེས་དམིགས་དུ་མ་བསྐྱེད་པའི་རྒྱུ་ཡིན་ཕྱིར། །མི་འབག་ཤིན་ཏུ་སྤང་བར་བྱ་བ་གསུངས། །ནད་པར་དགོས་ཚེ་བྱུག་དང་བཀོལ་བ་གནང༌། །འཐོར་བུའི་སྡེ་གསུམ་འདོད་པས་གསེར་དངུལ་ལེན། །རྒྱན་དང་བྱུག་པ་མ་དག་སྤྱོད་པ་སྤང༌། །སྡེ་བའི་སྤྱི་ཆེད་མཆོད་རྫས་སྨན་སོགས་དང༌། །ཀུན་སློང་ཉེས་མེད་རིན་ཆེན་རེག་འཆང་གནང༌། །ནད་རིམས་བསྲུངས་ཕྱིར་དྲི་སྨན་འདོགས་པ་གནང༌། །ཚུལ་དང་ཚུལ་མིན་སྤང་བླང་ཞིབ་ཏུ་བསླབ། །རྨི་ལམ་མ་འགྱུར་བར་དུ་གྲོགས་སོགས་བསྟེན། །དྲང་སྲོང་མ་ལ་རྩ་བརྒྱད་བཞི་ནི་འདྲ། །རེག་པ་ལུས་བཀན་འཆབ་པ་བཟློག་བཞི་བརྒྱད། །ཡན་ལག་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ནི།། མི་དགེ་རེ་གསུམ་ཉོན་མོངས་རེ་བརྒྱད་དང༌། །འཁྲུལ་ལྟ་བརྒྱ་དང་བཅུ་སྟེ་ཕྱིན་ལོག་ལ། །བརྒྱ་དང་དགུ་བཅས་སུམ་བརྒྱ་ལྔ་བཅུ་འོ། །མ་རྟོགས་གྲོགས་བསྟེན་གཞན་གྱི་ཚིག་དབང་གསུམ། །ཁྲི་སྟན་གསུམ་དང་བླ་ཁེབས་ཆེ་བཅས་བདུན། །དུས་མིན་ཁ་ཟས་ཁྲིམས་ཆེན་འཐོར་བུ་བཅས། །སྟོད་ལུགས་ཡིན་ཞེས་སྔ་རབས་ཀྱིས་གསུངས་བཞེད། །དྲང་སྲོང་བསླབ་བྱ་འདི་ནི་བདེར་གཤེགས་གསུང༌། །མཁན་སློབ་བཀའ་གཉིས་མཐུན་བསྡེབས་ལུགས་ཡིན་པས། །ཚད་མར་ཟུངས་གསུངས་གཞན་ཡང་དོན་འགའ་ཞིག །ལུང་དུ་གསལ་མིན་སྐྱོན་མེད་མཁན་སློབ་ལུགས། །དེ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །གྲོགས་ཀྱིས་ཟིན་ན་སངས་རྒྱས་ལམ་གསུངས་པས། །འདི་ནི་ཐེག་ཆེན་སོ་ཐར་ཡིན་པར་བཞེད། །གབ་འགྲེལ་དང་ནི་སྲུང་ཁྲིམས་རྩ་མདོ་ལས། །གསུངས་པའི་རྩ་ལག་ཁྲིམས་ཀྱི་རྣམ་གྲངས་ཙམ། །མཚུངས་ཀྱང་འདི་རྣམས་བྱང་སེམས་སྤྱོད་པར་བསྟུན། །སྡོམ་པ་གཏོང་དུས་བསླབ་པ་ཕྱིར་ཕུལ་ཞིང༌། །ཚེ་

(སྤྱིའི་གཟིགས་གྲངས། 232 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།