ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

འཕོས་རྩ་ཆད་མཚན་འདས་མཚན་གཉིས་བྱུང༌། །རྩ་བཞི་གཅིག་ཉམས་གཞན་སྲུང་ཡོན་ཏན་ཡོད། །སྡོམ་པ་ཉམས་མིན་ནོར་ཆེ་བུན་མང་དང༌། །རང་ལུགས་རྐང་བཞི་རྐང་ཆག་ལྟར་དུ་འདོད། །ཐ་མ་ཉམས་པ་སླར་ཡང་གསོ་བའི་ཚུལ། །ཕམ་ཅན་རང་གཞན་ཉེས་རྩ་ཉེར་མི་གནས། །སྐྱོན་བརྗོད་རིང་དོར་ཐབས་བཅོས་མ་འགྱུར་ན། །ལོངས་སྤྱོད་གནས་ཕྲལ་སྤྱི་ཁྲིམས་ལྟུང་མི་གོས། །ཉེས་ཚོགས་སྟོབས་བཞི་ཚང་བའི་གསོ་སྦྱོང་བྱ། ཕམ་ཅན་གང་ལ་སྨད་པ་བཅུ་གསུམ་བྱ། །གཞན་ཡང་ཉེས་པ་དང་བསྟུན་སྨད་པ་རྣམས། །ལས་སྡོམ་རྒྱུད་དུ་ཞིབ་པས་དེར་བལྟ་འོ། །འགྱོད་པ་སྐྱེས་ན་བསླབ་པ་བསྐྱར་བར་གནང༌། །ཚུལ་ཁྲིམས་དད་མེད་དཀའ་ཐུབ་ཤེས་རབ་ཞན། །ལས་འབྲས་བློ་རྨོངས་རང་གཅེས་སྡིག་ཅན་གྲོགས། །ཆང་དང་བུད་མེད་ཉེས་རྒྱུ་ཉེར་མི་བྱ།། ཉམས་སྐྱོན་ཚེ་འདིར་སྟབས་བསྣོལ་སྣ་ཚོགས་དང༌། །བསམ་པ་མི་འགྲུབ་མཐུ་དབང་བསོད་ནམས་འགྲིབ། །ནད་མང་མི་སྙན་ཚེ་ལ་བར་ཆད་རྒོད། །ཕྱི་མར་དབང་སྐྱོན་མི་སྡུག་ངན་སོང་ལྟུང༌། །མཐུན་རྐྱེན་དད་པ་ཤེས་རབ་བཙུན་ཁྱུར་འཚོ། །ཡོན་ཏན་གནས་སྐབས་སྙན་འཐོབ་ལྷ་ཀླུས་བསྐྱང༌། །མཐུ་དབང་བསོད་ནམས་ལོངས་སྤྱོད་དགེ་ཚོགས་རྒྱས། །ཚེ་རིང་ནད་དཀོན་གནོད་བྱེད་གྲོགས་སུ་འགྱུར། །ཕྱི་མར་མངོན་མཐོ་ཐར་པ་ཀུན་མཁྱེན་གྱི། །ཡོན་ཏན་མ་ལུས་འབྱུང་བའི་གཞིར་འགྱུར་རོ། །འདི་ལྟར་ཚུལ་ཁྲིམས་བསླབ་པའི་གཞུང༌། །རྒྱུན་ཁྱེར་བདེ་བའི་ཕྱིར་དུ་བསྒྲིགས། །ནོང་མཆིས་བརྒྱུད་པའི་ཚོགས་ལ་བཤགས། །དགེ་བ་འགྲོ་རྣམས་ཐར་ཕྱིར་བསྔོ། །ཚུལ་འདི་བསྟན་པའི་སྲོག་ཤིང་དུ་གསུངས་ནས། །འབད་པ་དུ་མས་བསྒྲུབས་པ་ལྷུར་བཞེས་པའི། །མཉམ་མེད་བླ་མའི་བསྟན་མཆོག་སྡོམ་པ་གསུམ། །འགལ་མེད་ལམ་དུ་བྱེད་འདི་རབ་རྒྱས་ཤོག །།ཅེས་པ་འདི་ཉིད་འདུལ་བའི་གཞུང་ལུགས་ཀྱི་ཚིག་ཚོགས་རྒྱས་བསྡུས་འཚམས་པ་ཞིག་དགོས་ཆེད་དང་བསྟུན་ནས་སྨན་རིའི་སློབ་མིང་བསྟན་འཛིན་རྣམ་དག་གིས་འདུལ་བའི་གཞུང་འགྲེལ་རྣམས་ལ་འདྲིས་པར་བྱས་ཏེ་བཀོད་པ་རྫོགས་སོ། །བཀྲ་ཤིས་ཤོག། །།

(སྤྱིའི་གཟིགས་གྲངས། 232 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།