ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ།

པར་པ། ཁྱུང་ཐོག་རྒོད།

༢༠༡༨ ༠༣ ༢༤ ཉིན་སྔ་དྲོའི་ཕྱག་ཚོད་ ༩ ཐོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་བླ་བྲང་ནས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཤིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་མི་འཇིགས་གདོང་ལྔའི་ཁྲི་རུ་བཞུགས་སུ་གསོལ་བ་དང་། 

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་དང་། བལ་ཡུལ་གནས་འཁོད་བོན་འབངས་ལྷན་འཛོམས་ཐོག་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་མནྜལ་གྱི་བཤད་པ་ཕུལ་ཞིང་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་མནྜལ་འདེགས་འབུལ་དང་།

༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བཤེས་དང་འབྲེལ་ཡོད་ལས་སྣེ་རྣམ་པས་སྐུ་རྟེན་སྐུ་གཟུགས། གསུང་རྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ། ཐུགས་རྟེན་མཆོད་རྟེན། ན་བཟའ་གོས་དྲུག་དང་། བཀྲ་ཤིས་རྟགས་བརྒྱད་སོགས་མནྜལ་རྟེན་གསུམ་གྱི་འབུལ་ཚན་རྣམས་བསྟར་འབུལ་ཞུས།

དེ་རྗེས་འདུས་པ་རྒྱ་མཚོའི་ཚོགས་དང་དད་ལྡན་བོན་འབངས་རྣམས་ཀྱིས་མཇལ་ཁ་ཞུས་ཏེ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས། ༢༠༡༨ ༠༣ ༢༤ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 73 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༢༠༡༨ ༠༣ ༢༢…
error: རྩོམ་འདི་བདག་དབང་ཅན་ཡིན།