ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸དཔལ་གཤེན་བསྟན་སྨན་རིའི་འདུས་སྤྱི་ནས་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ལ་བརྟན་བཞུགས་ཕུལ་བ།

༢༠༡༨ ༠༣ ༢༢ ཉིན་སྔ་དྲོའི་ཕྱག་ཚོད་ ༡༠ ཐོག་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བླ་བྲང་ནས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཤིང་གཙུག་ལག་ཁང་གི་ཡང་ཐོག་མཆོག་ལྔའི་ལྷ་ཁང་དུ་གདན་འདྲེན་ཞུས་ཏེ་མི་འཇིགས་གདོང་ལྔའི་ཁྲི་རུ་བཞུགས་སུ་གསོལ་བ་དང་།  ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམས་གཉིས་གཙོས་མཁན་སློབ་དགེ་བཤེས་རྣམས་དང་གདན་ས་སྨན་རིའི་འབྲེལ་ཡོད་ལས་སྣེ་རྣམ་པ་ལྷན་འཛོམས་ཐོག་སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེས་མནྜལ་གྱི་བཤད་པ་ཕུལ་ཞིང་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་བརྟན་བཞུགས་མནྜལ་འདེགས་འབུལ་དང་། འབྲེལ་ཡོད་གདན་ས་སྨན་རིའི་ལས་སྣེ་རྣམ་པས་ན་བཟའ་གོས་དྲུག་དང་། བཀྲ་ཤིས་རྟགས་བརྒྱད། ནོར་བདུན། སྐུ་རྟེན་སྐུ་གཟུགས། གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་སོགས་བརྟན་བཞུགས་ཀྱི་འབུལ་ཚན་རྣམས་བསྟར་འབུལ་ཞུས།

གདན་ས་ཁྲི་བརྟན་ནོར་རྩེའི་འདུས་མང་བྱིངས་ཚོགས་ཁང་དུ་ཚེ་སྒྲུབ་བྱ་རི་མའི་སྒོ་ནས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་ཅིང་། སྨན་རིའི་འདུས་སྤྱི་དང་། བླ་བྲང་གཉིས་ནས་སྐུ་འགྱེད་མང་ཇ་ཕུལ།

མཐར་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་མཇལ་བཅར་བ་རྣམས་ལ་བྱིན་རྟེན་སྲུང་མདུད་དང་གནད་ཡོད་ཀྱི་བཀའ་སློབ་ལམ་སྟོན་གནང་སྟེ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས། ༢༠༡༨ ༠༣ ༢༢ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 98 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༸སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།