ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་པ།

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་སྟོན་འཁོར་དང་བཅས་རྒྱ་གར་ནས་བལ་ཡུལ་གནམ་ཐང་བརྒྱུད་དེ་འདི་ཟླའི་ཕྱི་ཚེས་ ༢༡ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་ནས་བཀའ་གདམས་བྱིན་རླབས་ཀྱི་འབྲེལ་འཇོག་ཆེད་དངོས་སུ་ཆིབས་བསྒྱུར་ཐེངས་དང་པོར་བསྐྱངས་བ་ལྟར་འདུས་སྤྱི་ནས་སེར་ཕྲེང་གིས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་།

འབྲེལ་ཡོད་དད་ལྡན་ལྷ་སྡེ་རྣམས་ཀྱིས་དྲི་མེད་དྭངས་གཙང་ཁ་བཏགས་ཀྱིས་བསུ་བ་དང་བཅས་གཙུག་ལག་ཁང་དུ་གདན་དྲངས་ནས་གཅན་ལྔ་རིན་ཆེན་གྱི་ཁྲི་ལ་བཞུགས་སུ་གསོལ་ཏེ་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་མནྜལ་འདེགས་འབུལ་ཞུས་ཤིང་འདུས་མང་དང་དད་ལྡན་ལྷ་སྡེ་རྣམས་ཀྱིས་མཇལ་ཁ་ཞུས།

དེ་ནས་སྤྱན་རྒྱ་སྤོས་མེ་དང་བཅས་བླ་བྲང་དུ་གདན་ཞུས་བྱས་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་གཙོ་སྒྲུབ་པས། ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས། ༢༡ ཉིན།

(སྤྱིའི་གཟིགས་གྲངས། 100 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆར་ཅན་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།