ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

སྤོ། །མང་པོས་ཁ་བཀང་ཕུ་ཕུ་ཅག་སྒྲ་སྒྲོག །ལྕེ་ཕྱུང་རྐན་སྒྲ་ཏོག་སོགས་བྱ་བ་མིན། །བག་ཕེབས་ཚུལ་གྱིས་ཟས་རོལ་ཚར་རྗེས་སུ། ཁ་བཤལ་སྨོན་ལམ་ལྷག་མ་དམིགས་མེད་སྦྱིན། །ཉལ་བ་དབེན་སར་ནམ་གུང་གཉེན་པོར་བསྟན། །སེང་གེ་ཉལ་སྟབས་གཡས་ཕབ་ཤར་བལྟས་ཉལ། །ཐོ་རངས་ཉིན་མོ་སྲོད་སོགས་ཉལ་བ་མིན། །བག་མེད་རེངས་འཕྲ་བརྐྱངས་གཤིབས་སྔས་སྦྲེལ་མིན། །དྲོ་ཐོན་དུས་སུ་རྟེན་ཆེན་རྣམ་བཞིའི་ཕྱོགས། །ལམ་དང་སྔོ་གསེབ་གནོད་པའི་ས་མ་ཡིན། །རྨད་གོས་ཞ་དང་མཆོད་ཆས་ཕྲེང་སོགས་སྤོངས། །ངག་གི་ཟླས་བརྗོད་སྨྲ་བ་དོར་ཏེ་གནས། །དྲི་མའི་ཕྱོགས་རྣམས་སྔགས་ཀྱིས་བསྔོ་བར་གསུངས། །རྗེས་སུ་ས་དང་ཆུ་ཡིས་གཙང་བར་བཀྲུ། །གཡལ་དང་སྦྲིད་ཚེ་ལག་པས་ཁ་ཡང་དགབ། །རྒན་ལ་ཆེ་སྟོད་གཞོན་ལ་སྨོན་ལམ་གདབ། །མ་ཞི་ལྟ་གད་དཔྱས་འདོགས་འཁྱལ་ཚིག་སྤོངས། །མི་རྟག་བསམ་ཞིང་ཞི་དུལ་རྒྱུན་ལ་བསླབ། །ནམ་ལངས་ཁྲུས་རྗེས་སྒོ་གསུམ་དགེ་ལ་འཇུག །གཙང་སྤྱོད་བསྟན་འགྲོ་མཁན་སློབ་རང་དོན་བྱ། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་ལ་འབད། །རང་རྒྱུད་དྲང་པོས་གཞན་དག་བསྲོང་བའི་ཕྱིར། །བཅུ་བདུན་དཔེ་དང་སྦྱར་བའི་དོན་ལ་བསླབ། །མཁན་སློབ་དཔང་པོ་གྲོགས་རྣམས་གཉན་པར་བཀུར། །མཚན་མོའི་ཆ་གསུམ་བར་མར་གཉིད་པའི་ཚད། །སྐྱེ་བ་རྒྱལ་ཕམ་འཇུག་སྒོ་སྔ་ཕྱི་ལས། །ཕྱག་དང་གྲལ་ལ་བཀུར་བསྟིའི་རིམ་པ་བྱ། །ལྟ་སྤྱོད་སྡོམ་པ་འཁྱག་རོམ་དབང་ཐེབས་བཞིན། །སྒོ་གསུམ་སྒྲིམ་ནས་དྲན་ཤེས་བསྟེན་ཏེ་བསྲུང༌། །རྩ་བཞིའི་དང་པོ་སྲོག་གཅོད་ཡན་ལག་བཞི། །མི་ཡིན་རྒྱུད་གཞན་མ་འཁྲུལ་གསོད་སེམས་སྐྱེས། །ལུས་དང་ངག་གི་སྦྱོར་བས་མཐར་ཐུག་ཤི། །རང་དང་མི་མིན་བསད་པ་འབྲིང་མཐར་ཤེས། །ཕྱོགས་མཐུན་ཤིར་སྨོན་འཐབ་དང་དབང་མེད་འཕུལ། །བརྡེག་འཚེ་ཤ་གཅོད་སྣ་འབིགས་ཁྲག་དབྱུང་སོགས། །ཡུལ་ནི་ཁྲིམས་རིགས་ཕ་མས་བདག་དབང་སྲུང༌། །རྨ་སྒོ་སོགས་ལ་དབང་པོ་ལས་རུང་སྦྱར། །ཆགས་པས་ཀུན་བསླང་འཁྲུལ་མེད་རྩོལ་བས་ཞུགས། །བདེ་བ་མྱངས་བས་ལྟུང་འབྱུང་ཕྱོན་མཐུན་ནི། །ཁུ་བ་འབྱིན་དང་འཁྱུད་བརྡེབ་འཁྲིག་ཚིག་སྨྲ། །རེག་བལྟ་དགོད་དང་སྙན་བྱེད་མིག་གཡོ་སོགས། །མི་གཞན་དབང་བྱས་ཟས་ནོར་རིན་ཐང་ཚད། །མ་འཁྲུལ་འདོད་སློང་འཕྲོག་རྐུ་སྒྱུ་ཐབས་བྱས། །ཐོབ་རྟིང་བློ་རྫོགས་ཕམ་པ་འབྱུང་བར་གསུངས། །ཕྱོགས་མཐུན་མ་བསྔོས་མ་གནང་རྫས་ལ་སྤྱོད། །བྱིན་ནས་ལེན་དང་ནན་སློང་ལོག་འཚོ་སོགས། །མི་གཞན་སྨྲ་ཤེས་དོན་གོ་རང་བཞིན་གནས། །རྙེད་བཀུར་ལ་དམིགས་ཡོན་ཏན་ལྷག་ལྡན་ཞེས། །ལུས་ངག་བརྡ་ཡི་ཟོལ་གྱིས་གོ་བར་བྱེད། །གང་ཞིག་བདེན་བློ་སྐྱེས་ཚེ་ལྟུང་བ་འོ། །ཕྱོགས་མཐུན་གནོད་མེད་ཀུ་རེ་བཤད་བགད་ཕྱིར། །གནའ་གཏམ་སྒྲུང་ལྡེའུ་ཚོང་ཞིང་དུད་འགྲོ་བསྐྱང༌། །དེ་ལྟར་རྩ་བའི་ཕམ་ཉེས་བཞི་པོ་ནི། །ཡན་ལག་བཞི་ལྡན་ཡིན་ཞིང་གསུམ་གཉིས་སོགས། །སྦོམ་པོ་ཉེས་བྱས་འབྱུང་བར་གསུངས་པ་འོ། །ཡན་ལག་ཉིས་བརྒྱ་ལྔ་བཅུའི་དབྱེ་བ་ནི། །མི་དགེ་དྲུག་དང་ཉོན་མོངས་དུག་ལྔ་དང༌། །འཁྲུལ་པ་བཅུ་གཉིས་གྱེས་རྩ་ཉི་ཤུ་གསུམ༌། ཁྲིམས་བདུན་གདན་གསུམ་ཟས་བཞི་སིལ་བུ་གསུམ། །མི་དགེའི་སྡེ་ཚན་དྲུག་ཅུ་རྩ་གསུམ་ནི། །བསྟོད་པར་འོས་པ་སྨད་པའི་ངག་འཁྱལ་ལ། །བླ་མ་བླ་མའི་བླ་མ་འོག་མ་དང༌། འོག་མའི་འོག་མ་འཁོར་དང་འཁོར་གྱི་འཁོར། །བདག་དང་བདག་གི་བདག་དང་གཞན་ལ་དང༌། །གཞན་གྱི་གཞན་བཅུར་ངན་དཔྱས་བསླུ་ཚིག་སྨོད། །ཚིག་རྩུབ་གཞན་ཡུལ་མཐོ་དམན་གནད་ཕོག་ཚིག །སྤྱི་དམ་གཅིག་དང་དུས་དང་ལས་གནས་སྟབས། །རྒྱུ་གཅིག་པ་སྟེ་དྲུག་ལ་ཉོན་མོངས་ཀྱིས། །གནོང་དང་བཞིན་གཙིགས་ལག་རྡེབ་དགོད་ཅིང་སྨྲ། །མཐུན་གཉིས་འབྱེད་པར་བྱེད་པ་ཕྲ་མ་སྟེ། །བཙན་ཚིག་ཐབས་དང་གསང་བ་ཉེ་བར་འབྱེད། །གཞན་གྱི་ཡོན་ཏན་བརླག་འདོད་མངན་སེམས་ལ། །གསས་མཁར་མཆོད་རྟེན་སྐུ་གཟུགས་གླེགས་བམ་དང༌། །རྒྱལ་ཁབ་གནས་དང་ལུས་ངག་ཡིད་བཅས་བརྒྱད། །གདུག་སེམས་གང་ལ་གནོད་སེམས་གནག་པར་འཛིན། །རིགས་དྲུག་རྒྱུད་ལྔ་སྐྱེ་བཞིའི་སེམས་ཅན་དང༌། །སྲོག་ལུས་དབང་ཐང་ཡོ་བྱད་རྒྱན་སྐྱེས་བུ། །གང་ཟག་མཆོག་དང་སྲོག་གིས་བསྡུས་པ་སྟེ། །ཉེར་གསུམ་རྣམས་ལ་གནག་འཛིན་མི་བཟོད་འཁུ། །ལོག་ལྟ་དོན་ལ་ཕྱིན་ཅི་ལོག་ལྟ་བ། །ལྷན་སྐྱེས་ཀུན་བཏགས་དོན་ལ་དེ་མིན་འཛིན། །བྱིང་རྨུག་ཤེས་བྱའི་ང་རྒྱལ་གཉན་ལ་གདུང༌། །བག་ཆགས་ངན་དབང་ཡིད་གཡོ་བསླུས་དང་འགྲན། །ལས་ཀྱི་དབང་དང་རྣམ་པར་སྨིན་བཅུ་གཉིས། །ཉོན་མོངས་སྡེ་ཚན་དྲུག་ཅུ་རྩ་བརྒྱད་ནི། །མ་རིག་བླཽ་མུན་འཁོར་ལྟུང་སྐྱེ་གནས་སྒྲིབ། །བག་ཆགས་ངན་པ་ལས་སྒྲིབ་རྒྱུན་གྱི་གཡེང༌། །སྐྱེ་སྒོ་ངན་པ་རྒྱུ་མཐུན་རྣམ་སྨིན་བཅུ། །ཡིད་མི་འོང་ལ་སྡང་སེམས་ཞེ་སྡང་སྟེ། །མ་རིག་དབང་དང་སྲོག་དབུགས་ལུས་ངག་ཡིད། །མདངས་རྒྱན་སྔོན་ལས་རྣམ་རྟོག་ཚོར་བ་རགས། །ཕྱོགས་འཛིན་བསམ་ངན་འཐབ་རྩོད་བྱམས་མི་ལྡན། །དེ་ལྟར་ཞེ་སྡང་བཅོ་ལྔ་འདོད་ཆགས་ནི། །ཡིད་འོང་ཡུལ་ལ་འདོད་པས་ཞེན་པ་སྟེ། །འདོད་ཡོན་འཁྲིག་པ་འགྲོ་བཟང་ལྷ་མོའི་མདངས། །དེའི་གླུ་གདུང་ཚིག་རྒྱན་དང་བསླུ་མོའི་མདངས། །ལྷ་ཁང་དཀོར་ནོར་རིན་གླིང་རྒྱན་ཟས་སྒྲ། །དྲི་ཞིམ་བསླུ་བྲིད་དང་བཅས་བཅུ་དྲུག་གོ། །གཞན་གྱི་ཕུན་ཚོགས་མི་བཟོད་ཕྲག་དོག་ལ། །ཆེ་འཆོས་རུ་ང་རྟེན་གནས་ལམ་དང་ཟས། །གོས་རྒྱན་བྱ་བྱེད་སྔོན་སོང་རྗེས་སུ་འོང༌། །སྤྲུལ་པ་ཕྱིན་ཅི་ལོག་བཅས་བཅུ་གཅིག་གོ། །རང་ཆེས་རང་རྒྱུད་ཁེངས་པའི་ང་རྒྱལ་ལ། །རྩོད་དང་ལོག་སྟོན་གལ་འཛུག་ང་བོ་བསྐྱེད། །ང་བོ་ང་མེད་ངར་གཅོག་བདུད་ཀྱི་ལས། །རང་ཁ་རྒྱུན་མེད་དོམ་ཆོལ་ཟློས་བུར་སྨྲ། །འཆལ་སྨྲ་བདག་ཕྱོགས་རྟོག་དཔྱོད་ང་རྒྱལ་དང༌། དོན་མིན་ང་རྒྱལ་སྐྱེ་བཅས་བཅུ་དྲུག་གོ། འཁྲུལ་པའི་སྡེ་ཚན་བཅུ་གཉིས་རྔམ་སེམས་དང༌། འདོད་སེམས་སེར་སྣ་འཇུངས་གེགས་བྱུང་ཚོར་དང༌། །ཉོན་ཡིད་ལེ་ལོ་ཕྱིན་ལོག་རེ་དོགས་དང༌། །འཁོར་ཆགས་གཡེང་བའི་འཁྲུལ་བློ་དང་པོ་ནི། །གཞན་ནོར་འདོད་པས་ཡིད་བྱེད་རྔམ་སེམས་ལ། །གཟུང་དང་འཛིན་པ་བག་ཆགས་

(སྤྱིའི་གཟིགས་གྲངས། 232 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།