ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ཀྱི་བོན་པོའི་ཚོགས་པའི་ཐུགས་གསོའི་དགེ་བསྐུལ་ཞུ་འཕྲིན།

༄༅།། དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེའི་རྩ་སྐྱོང་ལྷ་ཚོགས་དབུ་འཛིན་ལྷན་རྒྱས་དང་འདུས་སྡེ་རྒྱ་མཚོའི་གཙོས་བོན་འབངས་སེར་སྐྱ་ལྷན་རྒྱས་ཀྱི་དྲུང་དུ།

ཞུ་གསོལ།

མངའ་གསལ་བཞིན་རང་ཅག་བོན་འབངས་རྣམས་ལ་བཀའ་དྲིན་གཞལ་ཟླ་བྲལ་བའི་༧སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢རེས་གཟའ་ཕུར་བུའི་སྔ་དྲོར་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་སུན་ཕྱུང་བའི་ཕྱིར་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་ཏེ། དགོངས་པ་གཞན་དོན་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་རང་རེ་བོན་འབངས་རྣམས་ལྟ་ཅི། རིས་མེད་ཀྱི་སྐྱེ་བོ་མང་དག་ཞིག་ལའང་ཕུགས་ཕམ་ཚད་མེད་བྱུང་ཡོད། ༧སྐྱབས་རྗེ་དམ་པ་ཁོང་ནི་རང་ཅག་བོད་ས་ཤོར་ནས་གཞན་གྱི་ཡུལ་དུ་བཙན་བྱོལ་དུ་འགྱར་དགོས་གྱར་དགོས་བྱུང་སྟེ། རང་གི་ཆོས་དང་རིག་གཞུང་ཕར་ཞོགས་ཟས་མལ་གནས་གསུམ་ལའང་དཀའ་ངལ་ཚད་མེད་འཕྲད་པའི་སྐབས་སུ། གཡུང་དྲུང་བོན་ལུགས་འཛིན་པ་རྣམས་བསྡུ་རུབ་ཀྱིས་༼  བོད་ཀྱི་བོན་པོའི་ཚོགས་པ་  ༽ཞེས་གསར་འཛུགས་གནང་སྟེ། མི་མང་གི་འཚོ་རྟེན་དང་། མདོ་སྔགས་སེམས་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སའི་བཤད་སྒྲུབ་ཀྱི་བསྟི་གནས་བཅས་ཀྱི་ཆེད་གཞིས་ས་སྤུས་གཟིགས་ཀྱིས་བོན་གཞིས་ཐོབ་རྒྱལ་གསར་པ་མིང་འཁོད་གསར་འཛུགས་གནང་བ་ལ་བརྟེན་ནས།

སླར་ཡང་བསྟན་པའི་མེ་རོ་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པ་ནས་གསོས་ཏེ། ད་བར་རིམ་བཞིན་མཐོང་ཆོས་སུ་གྱུར་པའི་ཕྱི་རྒྱལ་ཡུལ་གྲུ་གང་སར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་དབུ་འཕང་མཐོ་བཞིན་རྒྱས་པ་འདི་ཡང་གང་ཉིད་ཀྱི་བཀའ་དྲིན་ཡིན། དེས་ན་འདི་གར་བཅའ་སྡོད་རང་ཅག་བོན་ལུགས་འཛིན་པ་རྣམས་ནས་གང་གི་བཀའ་དྲིན་སྙིང་དུ་བཅངས་པའི་ཐོག་ནས་དགུང་ཞག་ཞེ་དགུའི་རིང་སྡིག་སྤང་དགེ་སྒྲུབ་ཀྱི་ལས་བཟང་དང་། མཆོད་འབུལ་སྨོན་ལམ་གང་ཐུབ་ཞུས་དང་ཞུ་བཞིན་པ་དང་། སླད་ཀྱང་དམ་པ་ཁོང་གི་ཞལ་གདམས་ལྟར་རྗེས་འཇུག་བོན་འབངས་ཡོངས་ནས་བཀའ་བཞིན་སྒྲུབ་རྒྱུའི་རེ་སྨོན་ཞུ་རྒྱུ་བཅས།

བོན་གཞིས་ས་གནས་ལས་ཁང་དང་བོད་ཀྱི་བོན་པོའི་ཚོགས་པའི་འགན་ལྷན་ཐུན་མོང་ནས་གུས་འདུད་དང་བཅས།

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༩ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 269 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདུང་སེམས་…
error: རྩོམ་འདི་བདག་དབང་ཅན་ཡིན།