ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ལྕགས་བྱི་ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འགོའི་སྒྲུབ་པ།

གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རེའི་སློབ་ཚན་གསར་པ་དབུ་མ་ཚུགས་པའི་གོང་བདུན་ཕྲག་གཅིག་གི་རིང་ལ་བཤད་གྲྭ་བས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དང་། སྒྲུབ་གྲྭ་བས་དྲན་པའི་སྒྲུབ་པ། དེ་བཞིན་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭ་བས་སྨན་ལྷའི་སྒྲུབ་པ། གཞི་རིམ་སློབ་གྲྭས་སྨྲ་སེང་སྒྲུབ་ཆུང་བཅས་ཁག་སོ་སོར་བཞུགས་ནས་བདུན་གཅིག་རིང་བསྙེན་སྒྲུབ་གནང་སྲོལ་ཡོད་པ་ལྟར། འདི་ལོ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་དང་། བོད་ས་བྱི་ལོའི་ཧོར་ཟླ་ ༡ པོའི་ནང་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བླུགས་ནས་སྔོན་འགྲོའི་སྟ་བོན་ལེགས་པར་བསྒྲུབས། ཧོར་ཟླ་ པོའི་ཚེས་ ༢༢ ཕྱི་ལོ་ ༢༠༢༠ ༣ ༡༦ ཉིན་མཆོད་བཟོ་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༣ པའི་ཚེས་ ༡༧ ནས་སྒྲུབ་པ་དབུ་འཛུགས་ཞུས་ཏེ་འཚོགས་ཁང་གསར་པའི་ནང་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་བཤད་གྲྭ་བས་ཤེས་རབ་སྨྲ་བའི་་སེང་གེའི་སྒྲུབ་པ་འཚོགས་གནང་བ་དང་། འཚོགས་ཁང་རྙིང་པའི་ནང་སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་གྲྭ་བས་བླ་ཆེན་དྲན་པའི་སྒྲུབ་པ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ནང་སྨན་སློབ་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་གཙོས་པའི་གསོ་རིག་འབུམ་བཞིའི་དགེ་སློབ་རྣམས་ཀྱིས་སངས་རྒྱས་སྨན་ལྷའི་སྒྲུབ་པ་གནང་ཞོར་གློ་བུར་རིམས་ནད་ཞི་ཕྱིར་སྲིད་རྒྱལ་དྲག་སྔགས་བཅས་གསོག་སྒྲུབ་གནང་བཞིན་པ་དང་། གཞི་རིམ་སློབ་གྲྭའི་འགན་འཛིན་དགེ་བཤེས་ཤེས་རབ་མཐར་ཕྱིན་གཙོས་པའི་དགེ་སློབ་རྣམས་ནས་སྨྲ་སེང་རྩ་སྒྲུབ་གནང་བ་བཅས། ད་ལན་འདུས་མང་ཡོངས་ཀྱིས་འགྲོ་བ་མི་ཡི་ཚེ་སྲོག་ལ་རྒོལ་བའི་གློ་བུར་དུས་ཀྱི་རིམས་ནད་མྱུར་དུ་ཞི་བའི་ཐུགས་བསྐྱེད་སྨོན་ལམ་ཤུགས་དྲག་གནང་དང་གནང་བཞིན་ཡོད་པའི་གནས་བསྡུས་སུ་

ཁྱུང་ཁྲི་ལྡེས་ ༢༠༢༠ ༠༣ ༢༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 590 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།