ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་རིག་པའི་བགྲོ་གླེང་ཉིན་གཉིས་པ།

 

 

 

 

 

ཕྱི་ལོ་ ༢༠༢༡ ༡༧ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ཐོག་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་དང་གསོ་རིག་འབུམ་བཞིའི་དགེ་སློབ་བཅས་གཙུག་ལག་ཁང་དུ་འདུ་འཛོམས་གནང་། དགེ་བཤེས་ཤེས་རབ་ཉི་མ་ལགས་ཀྱིས་གཙོ་སྐྱོང་དང་འབྲེལ། དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་ནས་<<སྲོག་རྩ་དཀར་དམར་མཐིང་གསུམ་ལ་དཔྱད་པ། >>དང་། བདེ་ཆེན་དཔལ་ལྡན་ལགས་ནས་<<དབུ་མའི་གཏན་ཚིགས་སྐོར་གྱི་བསམ་ཚུལ་མདོ་ཙམ་གླེང་བ།>> ཞེས་པའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་གསོལ་ཇའི་བར་གསེང་སྐར་མ་༣༠བཏང་། ཕྱག་ཚོད་ ༡༠ ཐོག་ཚུལ་ཁྲིམས་དྲི་མེད་ཀྱིས་གཙོ་སྐྱོང་དང་འབྲེལ། ཁྲི་གཙུག་བསྟན་པ་ལགས་ནས་<<དམ་རྫས་རྩ་བ་ལྔ་དང་ཁྱད་པར་གསང་ཤ་གལ་ཆེན་གྱི་སྐོར།>>བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་ཉིན་གུང་གསོལ་ཚིགས་བཞེས། ཕྱི་དྲོའི་ཕྱག་ཚོད་ པའི་ཐོག་ཁྲི་གཙུག་བསྟན་པས་གཙོ་སྐྱོང་དང་འབྲེལ། ཚུལ་ཁྲིམས་རབ་བརྟན་ལགས་ནས་<<ཁྱུང་སེར་དཔོན་གྱི་བློན་ཆེན་ཡིག་བྲིས་པ་གྲགས་ཅན་ཞང་ཞུང་སྐལ་བཟང་ནོར་བུའི་སྐོར་གླེང་བ།>> དང་། བསོད་ནམས་ཚུལ་ཁྲིམས་ལགས་ནས། <<ཐུགས་རྗེ་སེམས་དཔའི་ནང་ཚན་བཞིའི་འདོད་ཚུལ་མི་མཐུན་པའི་སྐོར།>> ནས་བགྲོ་གླེང་དང་དྲི་བ་ལན་གནང་གྲུབ་པ་དང་།

བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པ་ནས་བགྲོ་གླེང་གི་ཆ་ཤས་ལེན་མཁན་རྣམས་ལ་བགྲོ་གླེང་གོ་སྒྲིག་ཚོགས་པའི་ངོས་ནས་བགྲོ་གླེང་མཉམ་ཞུགས་ཀྱི་ཕྱག་འཁྱེར་དང་མགུལ་དར་བཅས། ༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་ནས་བསྩལ་གནང་མཛད་དེ་མཉམ་པར་བསྐྱོན་པ་དང་། བགྲེས་གཏམ་རྩོམ་སྒྲིག་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་མཇུག་བསྡུའི་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་ཐེངས་དང་པོའི་<<བོན་རིག་པའི་ཞིབ་འཇུག་བགྲོ་གླེང་>>དེ་ཉིད་ཁ་དགེ་བཀྲ་་ཤིས་ངང་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༡༧ ཉིན་སྤེལ།

པར་པ་དགེ་བཤེས་ཁྲི་ལྡེ་གཙུག་བརྟན། 

(སྤྱིའི་གཟིགས་གྲངས། 1,139 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ཕྱི་ལོ་ …
error: རྩོམ་འདི་བདག་དབང་ཅན་ཡིན།