ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མངའ་རིས་སྤྱི་མཐུན་ཚོགས་པ་ནས་གདུང་སེམས་མཚོན་པའི་ཐུགས་གསོའི་ཡི་གེ །

༄༅། །བསྟན་འགྲོའི་མགོན་སྐྱབས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ས་ག་ཟླ་བའི་ཚེས་ ༡༦ ཉིན་བལ་ཡུལ་དུ་༧སྐྱབས་རྗེ་མཆོག་གི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པའི་བློ་ཕམ་དང་སྦྲགས། སྐུ་ཞི་བར་གཤེགས་པ་༧སྐྱབས་རྗེ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། བསྟན་འགྲོའི་མགོན་སྐྱབས་སུ་མཚན་དཔེའི་དཀྱིལ་འཁོར་མྱུར་དུ་བཞད་ཕྱིར་མངའ་རིས་སྤྱི་འཐུས་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གདུང་ཤུགས་དྲག་པོའི་མྱ་ངན་གུས་བཏུད་ཞུས་པ་དང་སྦྲགས། ཞིང་གཤེགས་དམ་པ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་བླ་བྲང་སྐུ་འཁོར་དང་། དད་ལྡན་སློབ་འབངས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ། ཞི་བར་གཤེགས་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་ས་ལམ་གྱི་བར་ཆད་ཞི་བའི་ཐུགས་སྨོན་གསོལ་འདེབས་དང་བཅས།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག་།

 

མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ཉིན་ལ།

(སྤྱིའི་གཟིགས་གྲངས། 15 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།