ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ལོ་དེབ་འཕན་ཆུ་སྔོན་མོའི་རང་སྒྲ་འདོན་ཐེངས་བཞི་པའི་འགྲེམ་བརྡ།

མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་མ་བགོས་སྤྱི་ལ་གནང་བའི་ཕ་ནོར་དམ་པ་སྟེ།  ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རིང་ལུགས་དྲི་མ་མེད་པ་འདི་ཉིད་གངས་ཅན་བོད་པའི་ཤེས་རིག་གི་སྙིང་ནོར་དང་། མི་རིགས་ཡུན་དུ་གསོན་པའི་རིན་ཆེན་སྲོག་གི་རྒྱུན་ཐག་ཉག་ཅིག་ལྟ་བུ་ཡིན་སྟབས།  འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་ཕྱི་རབས་བོད་ཀྱི་ཤེས་ཡོན་པའི་ཕྲག་ཏུ་ལྷུང་བའི་ཟློག་མེད་ཀྱི་འོས་འགན་ལྕི་མོ་ཞིག་ལགས་པས་ན། ཕྱི་ནང་རིག་པ་ཀུན་ལ་འཇུག་པའི་རྣམ་དཔྱོད་ཡངས་པའི་བོད་གཞིས་བྱེས་ཀྱི་རྩོམ་པ་པོ་རེ་འགས་གནང་བའི་རྩོམ་རིག་དང་ཤེས་བྱའི་ཚལ་ལ་འཇུག་པར་བརྩོན་པའི་ཐོས་བསམ་བ་རེ་འགའི་བརྩམས་ཆོས་དག་གཞིར་བསྒྲིགས་ཏེ།  ཤེས་རིག་གི་སྙིང་བཅུད་འདུས་ཤིང་ལྟ་ཀློག་གི་སྟབས་ཀ་བདེ་བའི་ལོ་དེབ་འཕན་ཆུ་སྔོན་མོའི་རང་སྒྲ་ཞེས་པའི་དེབ་ཕྲེང་བཞི་བ་འདི་ཉིད་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་བ་ལགས་སོ།།  རྩོམ་སྒྲིག་པས།

(སྤྱིའི་གཟིགས་གྲངས། 479 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།