གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོ།
སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོ་ ༢༠༢༡ ཟླ་བ ༠༢ ཚེས་ ༢༣ ནས་ཚེས་ ༢༧ བར་ཉིན་ལྔ་ཡི་རིང་འཚོགས་ཡོད། སྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག
ཚེས་ ༢༣ ཉིན་བཀའ་རམས་པ་གཡུ་ཐོག་དྲང་སྲོང་ཀུན་སྐྱོང་དབང་གི་རྒྱལ་པོ་ལགས་དང་། བཀའ་རམས་པ་འབོ་རུ་དྲང་སྲོང་ཚུལ་ཁྲིམས་གཙུག་ཕུད་རྒྱལ་མཚན་ལགས། བཀའ་རམས་པ་འགྲུ་རིགས་དྲང་སྲོང་ཁྲི་ལྡེ་ཚུལ་ཁྲིམས་རྒྱ་མཚོ་ལགས།
ཚེས་ ༢༤ ཉིན་བཀའ་རམས་པ་གསས་ཤུལ་དྲང་སྲོང་ཁྲི་གཙུག་བཟང་པོ་ལྷུན་གྲུབ་ལགས་དང་། བཀའ་རམས་པ་ཚབ་ཤི་དྲང་སྲོང་གཙུག་ཕུད་རྣམ་དག་རབ་གསལ་ལགས། བཀའ་རམས་པ་རྒྱུ་ནེ་དྲང་སྲོང་གཙུག་ཕུད་ཤེས་རབ་དབང་རྒྱལ་ལགས།
ཚེས་ ༢༥ ཉིན་བཀའ་རམས་པ་རྒྱ་བོ་དྲང་སྲོང་ཡེ་ཤེས་འོད་ཟེར་མཆོག་སྒྲུབ་ལགས་དང་། བཀའ་རམས་པ་ཝ་ཚང་དྲང་སྲོང་བློ་གྲོས་འོད་ཟེར་གསལ་བཟང་ལགས། བཀའ་རམས་པ་འབྲུ་རིགས་དྲང་སྲོང་ཁྲི་གཙུག་ཚུལ་ཁྲིམས་རྣམ་དག་ལགས།
ཚེས་ ༢༦ ཉིན་བཀའ་རམས་པ་མགར་ཆེན་བློ་གྲོས་དཔལ་གྱི་དབང་ཕྱུག་ལགས་དང་། བཀའ་རམས་པ་ཨ་ཁུ་དྲང་སྲོང་ཚུལ་ཁྲིམས་སྦྱིན་པ་རྒྱལ་མཚན་ལགས། བཀའ་རམས་པ་བྲུ་དྲང་སྲོང་ཁྲི་བརྟན་ཚུལ་ཁྲིམས་ལགས།
ཚེས་ ༢༧ ཉིན་བཀའ་རམས་པ་མི་གོད་དྲང་སྲོང་ཚུལ་ཁྲིམས་བློ་ལྡན་དབང་པོ་ལགས་དང་། བཀའ་རམས་པ་ཨ་རྒྱས་དྲང་སྲོང་ཚུལ་ཁྲིམས་འཆི་མེད་རྣམ་རྒྱལ་བཅས་ཀྱིས་སྔ་དྲོའི་ཕྱག་ཚོད་ དགུ་ཐོག་འདུས་སྡེ་རྒྱ་མཚོའི་དབུས་སུ་དམ་བཅའ་ཚིག་བཤད་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་དམ་བཅར་བཞུགས་ནས་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིག་པའི་རྩོད་གླེང་གནང་སྟེ་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་མཇུག་གྲུབ་པའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ཟླ་བ་ ༢ ཚེས་ ༢༧ ཉིན་སྤེལ།། །།
པར་པ་རླུང་ཞགས།