ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱུང་པོ་སྟེང་ཆེན་དགོན་དུ་དགེ་བཤེས་མཛད་སྒོ་དང་ཀུན་རིག་ལས་བཞི་རྒྱུན་ལྔ་རྒྱས་འཚོགས་ཡོངས་སུ་མཇུག་གྲུབ་པ།

  ༄༅། །བོད་འབྱུང་ལྡན་ ༣༠༡ གི་ཤིང་ལུག་ལོའི་ཟླ་ ༡༠ པའི་ཚེས་ ༥ སྟེ།  སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ཉིན་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་དུས་ཀྱི་རིམ་གྲོ་ཁྲོ་ཕུར་བོན་སྐྱོང་སྒྲུབ་པ་དང་།  དད་ལྡན་སྦྱིན་བདག་རྣམ་པས་འདོན་སྐུལ་ཕུལ་བའི་གསོན་གཤིན་དགེ་སྡོང་ཆེན་མོ་ཀུན་རིག་ལས་བཞི་རྒྱུན་ལྔ་འཚོགས་པ་སྟེ། དེ་ཡང་སྤྱི་ཚེས་ ༡༦༡༧ གཉིས་ལ་མཆོད་བཀོད་བཅའ་བཟོ་དང་།  

    དེ་ཡང་སྤྱི་ཚེས་ ༢༠ ཉིན་བཀའ་རམས་པ་བསེ་ཚང་དྲང་སྲོང་རྣམ་དག་དོན་ལྡན་དང་།  རུ་ཚ་དྲང་སྲོང་སོ་ཐར་བསྟན་འཛིན་རྣམ་གཉིས་ནས་གཙུག་ལག་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་སྤང་ལམ་མདོ་ཡི་བཤད་པ་དང་བཀྲ་ཤིས་གསོལ།

སྤྱི་ཚེས་༢༡ ལ་བཀའ་རམས་པ་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་གཡུང་དྲུང་དང་སྲིད་པ་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ནས་སྒྱུར་ལམ་སྔགས་ཀྱི་བཤད་པ་འབུལ་བ་དང་བཀྲ་ཤིས་གསོལ།

ཉིན་གུང་ཆུ་ཚོད་༡༣ བར་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ནས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་བོན་འཆད་ཁྲིད་སྤེལ།

སྤྱི་ཚེས་༢༢ ཉིན་བཀའ་རམས་པ་ག་གཟི་དྲང་སྲོང་འགྱུར་མེད་ཚུལ་ཁྲིམས་དང་སྒང་རུ་དྲང་སྲོང་གཡུང་དྲུང་སེམས་དཔའ་རྣམ་གཉིས་ནས་གྲོལ་ལམ་རྫོགས་ཆེན་གྱི་བཤད་པ་དང་བཀྲ་ཤིས་གསོལ།

ཉིན་གུང་ཆུ་ཚོད་ ༡༣ བར་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ནས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་བོན་འཆད་ཁྲིད་སྤེལ།

སྤྱི་ཚེས་ ༢༣  ཉིན་གྱི་ཞོགས་པར་དགེ་འདུན་སུམ་བརྒྱ་ལྷག་གི་སེར་ཕྲེང་དང་དགོན་ཞབས་ལྷ་སྡེ་རྣམ་པས་ཆིབས་འཁོར་ཉིས་བརྒྱ་ལྷག་བསྟར་ཏེ<< གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ>> གྱི་དཔེ་ཚོགས་ཆེན་མོ་གདན་འདྲེན་ཞུས།

ཕྱི་དྲོར་འདི་གའི་མཁན་དཔོན་སློབ་རྣམས་དང་དཔལ་ལྡན་ཀོ་རྒྱལ་གྱི་དཔོན་སློབ་ཡོན་ཏན་ཕུན་ཚོགས་རིན་པོ་ཆེ་དང་།  མཐོང་གྲོལ་རི་ཁྲོད་དགོན་གྱི་སློབ་དཔོན་བློ་གྲོས་རབ་གསལ།  དགེ་བཤེས་ཀུན་བཟང་རྒྱལ་མཚན་བཅས་དབུ་བཞུགས་ཐོག  གཤེན་གྱི་བཀའ་རབ་འབྱམས་པ་བསེ་ཚང་དྲང་སྲོང་རྣམ་དག་དོན་ལྡན་དང་།  རུ་ཚ་དྲང་སྲོང་སོ་ཐར་བསྟན་འཛིན།  ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་གཡུང་དྲུང་རྣམ་པ་གསུམ་དམ་བཅའ་ཆེན་མོ་བཞུགས་ཤིང་ཀོ་བོ་དགོན་དང་འདི་གའི་དགེ་བཤེས་རྣམ་པ་དང་བཤད་གྲྭ་རྣམས་ནས་རིམ་བཞིན་རྩོད་པ་ཕུལ།

སྤྱི་ཚེས་ ༢༤  ཉིན་གྱི་སྔ་དྲོ་ལ་སྐབས་བཅུ་གསུམ་པ་སྒྲུབ་ཐོན་རྣལ་འབྱོར་པ་ལྷུན་གྲུབ་དཔལ་བཟང་གིས་སྡེ་སྣོད་མཛོད་ཀྱི་ངག་རྒྱུགས་དང་ཐར་བདེ་རྨེའུ་ཚ་རྣམ་སྲས་ནས་སྔགས་རྒྱུད་སྡེ་བཞིའི་ལྟ་བའི་བཤད་པ་ཕུལ།

ཕྱི་དྲོར་རབ་འབྱམས་པ་སྲིད་པ་དྲང་སྲོང་ཚུལ་ཁྲིམས་བློ་གྲོས། ག་གཟི་དྲང་སྲོང་འགྱུར་མེད་ཚུལ་ཁྲིམས། སྒང་རུ་དྲང་སྲོང་གཡུང་དྲུང་སེམས་དཔའ་རྣམ་པ་གསུམ་ནས་དངོས་གཞིའི་དམ་བཅའ་བཞུགས།

སྤྱི་ཚེས་ ༢༥ ཉིན་སྔ་དྲོ་བཀྲ་ཤིས་དམ་བཅའ་དང་ཕྱི་དྲོར་དགེ་བའི་བཤེས་གཉེན་དང་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་རྣམས་མཚན་བཏགས་ཁྲིར་བཞེངས་མངའ་གསོལ་མཛད།  ཉིན་གུང་ཆུ་ཚོད་ ༡༣ བར་དད་ལྡན་མང་ཚོགས་རྣམས་ལ་བོན་འཆད་ཁྲིད་སྤེལ་ཞིང་།  སྤྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་འདི་ག་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་བསྒྲིགས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་<< གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ >> ཞེས་པའི་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་ཚོམས་ཆེན་མོའི་ཞལ་འབྱེད་མཛད་སྒོ་དང་འབྲེལ་དཔེ་ཚོགས་ཀྱི་རྩ་བའི་འགན་ཁུར་མི་སྣ་དང་སྦྱིན་བདག་རྣམས་ལ་གཟེངས་བསྟོད་བསྩལ་བ་དང་།  ༢༠༡༥ ལོའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་འབྲས་ཨང་མཐོའི་སློབ་མ་རྣམས་ལ་གཟེངས་བསྟོད་ལེགས་མཚོན་ཕུལ། ཕྱི་དྲོར་འདི་གའི་བཤད་སྒྲུབ་འདུས་སྡེ་ནས་འདི་ལོའི་ལོ་འཁོར་བགྲོ་གླེང་ཆེན་མོ་འཚོགས།

སྤྱི་ཚེས་ ༢༧ ཉིན་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ནས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་ཞི་བ་ཨ་གསལ་གྱི་བཀའ་དབང་ཆེན་མོ་བསྐུར།

སྤྱི་ཚེས་ ༢༨༢༩ ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྤྲིན་གྱི་མེ་སྤར་སྦྱིན་སྲེག་དང་།  སྨོན་ལམ་ཆེན་མོ་གསུངས།  ཉིན་འདི་གཉིས་ལ་བླ་མ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་བོན་ཁྲིད་གནང་། སྤྱི་ཚེས་ ༣༠ ཉིན་འཚོགས་ཡོངས་སུ་གྲོལ།

མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ནས།  ༢༠༡༥  ༡༡   ༣༠ཉིན།

གོང་གི་གསར་གནས་སྐོར་རྒྱས་པ་པར་རིས་བསྒྲགས་མ་ཅན་འདིར་གནོན་ནས་གཟིགས་རོགས།

(གནས་ཚུལ་ཡོང་ཁུངསཁྱུང་པོ་དྲ་བ།)

(སྤྱིའི་གཟིགས་གྲངས། 120 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་འབྱུ…
error: རྩོམ་འདི་བདག་དབང་ཅན་ཡིན།