ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་དམ་བཅས་ཆེན་མོ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༠༢ པའི་ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་དངོས་གཞིའི་དམ་བཅའ་ཆེན་མོའི་མཛད་རིམ་གཉེར་ཞིང་། དེ་ཡང་ཚེས་ ༢༢ ཉིན་སྔ་དྲོའི་ཕྱག་ཚོད་༩པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་སྤོས་རྒྱས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། དེ་ནས་དགེ་འདུན་རྣམ་པ་དང་མཛད་སྒོའི་སྐུ་མགྲོན་བཅས་འཚོགས་པའི་དབུས་སུ་བཀའ་རམས་པ་ཤེལ་ཞིག་དྲང་སྲོང་བདེ་ལེགས་གཡུང་དྲུང་འགྱུར་མེད་དང་།  བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན་རྣམ་པ་གཉིས་ནས་དམ་བཅའི་ཚིག་བཤད་ངག་རྒྱུགས་ཕུལ་བ་དང་ལྷན་ཉུང་ཇ་གཏོང་ཞིང་།

ཕྱི་དྲོ་ཕྱག་ཚོད་༡དང་༣༠ནས་དགོང་མོའི་ཕྱག་ཚོད་༥པའི་བར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུག་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་སུ་དངོས་གཞིའི་དམ་བཅའ་ཆེན་མོ་བཞུགས་ཏེ། དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་གཉེར་བ་རྣམས་ནས་རིམ་པར་བརྒལ་རྟགས་རིག་པའི་རྩོད་གླེང་གི་མཆོད་པ་ཕུལ།

ཚེས་ ༢༣ ཉིན་སྔར་བཞིན་བཀའ་རམས་པ་ཞང་ཞུང་དྲང་སྲོང་ཚུལ་ཁྲིམས་རབ་བརྟན་རྒྱལ་མཚན་དང་། ཚེ་འཕེལ་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན་རྣམ་པ་གཉིས་ནས་སྔ་དྲོ་ཕྱག་ཚོད་༩པའི་ཐོག་དམ་བཅའི་ཚིག་བཤད་ངག་རྒྱུགས་ཕུལ་བ་དང་ལྷན་ཉུང་ཇ་གཏོང་ཞིང་།

ཕྱི་དྲོ་ཕྱག་ཚོད་༡དང་༣༠ནས་དགོང་མོའི་ཕྱག་ཚོད་༥པའི་བར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུག་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་སུ་དངོས་གཞིའི་དམ་བཅའ་ཆེན་མོ་བཞུགས་ཏེ། དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་གཉེར་བ་རྣམས་ནས་རིམ་པར་བརྒལ་བརྟག་རིག་པའི་རྩོད་གླེང་གནང་།

ཚེས་ ༢༤ ཉིན་བཀའ་རམས་པ་བདེ་ལེགས་དྲང་སྲོང་ཚུལ་ཁྲིམས་རྣམ་དག་ལགས།བཀའ་རམས་པ་གར་ཙ་དྲང་སྲོང་བློ་གྲོས་འཇིགས་མེད་དོན་ལྡན་ལགས།བཀའ་རམས་པ་སྒང་ག་དྲང་སྲོང་བློ་གྲོས་ཉི་མ་ལགས་རྣམ་པ་གསུམ་ནས་སྔ་དྲོ་ཕྱག་ཚོད་༩པའི་ཐོག་སྔར་བཞིན་དམ་བཅའི་ཚིག་བཤད་ངག་རྒྱུགས་ཕུལ་བ་དང་ལྷན་ཉུང་ཇ་གཏོང་ཞིང་།

ཕྱི་དྲོ་ཕྱག་ཚོད་༡དང་༣༠ནས་དགོང་མོའི་ཕྱག་ཚོད་༥པའི་བར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུག་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་སུ་དངོས་གཞིའི་དམ་བཅའ་ཆེན་མོ་བཞུགས་ཏེ། དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་གཉེར་བ་རྣམས་ནས་རིམ་པར་བརྒལ་རྟགས་རིག་པའི་རྩོད་གླེང་གནང་བ་བཅས་དངོས་གཞིའི་དམ་བཅའ་ཆེན་མོའི་ཉིན་གསུམ་གྱི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོ་ནས།

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 288 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།