ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཟི་ཚའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་པ་རྣམས་ལ་ཐུགས་སྨོན་གནང་བ།


༄༅། །བསླབ་གསུམ་བསྟན་པའི་སྲོལ་འཛིན་མང་ཚོགས་སེམས་དཔའ་རྒྱ་མཚོའི་གསེར་སྙན་རིན་པོ་ཆེར་སྒོ་གསུམ་གུས་པ་ཆེན་པོས་

                                                                                           ཞུ་གསོལ་འདེབས་དོན།།

གཟི་ཚའི་ས་ཡོམ།ད་ལམ་སྤྱི་ལོ།༢༠༡༧ཟླ་བ།༨ཚེས།༨ཉིན་རང་རིགས་བོན་འབངས་ཤ་མར་འཚོ་བའི་གཟི་ཚ་སྡེ་དགུའི་ཕྱོགས་སུ་རང་བྱུང་ས་ཡོམ་གྱི་གོད་ཆག་བྱུང་བ་ལ་བརྟེན་ནས་དེའི་ཕྱོགས་ཀྱི་རང་རེའི་ཡུལ་ལུང་སྤྱི་དང་ལྷག་པར་གཡུང་དྲུང་དར་རྒྱས་གླིང་དགོན་ཆེན་བཅས་ལ་མི་རྒྱུ་གཉིས་ཆ་ནས་སྐྱོན་ཆག་ཚབས་ཆེན་ཕོག་ཡོད་པ་དང་། མི་མང་པོ་འཆི་བ་དང་རྨས་སྐྱོན་ཚབས་ཆེན་བྱུང་བ། སྡོད་ཁང་དགོན་པའི་རྟེན་དང་བརྟེན་པ་བཅས་པར་ཞིག་རལ་གྱི་གནས་ཚུལ་ཉམས་ཉེས་ཚབས་ཆེན་བྱུང་བར་ཤིན་ཏུ་བློ་ཕམ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ས་ཡོམ་དེས་རྐྱེན་པས་ཕྱི་མའི་སྔ་ལམ་དུ་གྱུར་པ་གང་དག་མྱུར་དུ་རྫོགས་བྱང་གི་གོ་འཕང་རིན་པོ་ཆེ་འཐོབ་པ་དང་།ཤུལ་ལུས་རྣམས་ཀྱི་མི་བདེའི་གདུང་བ་ཞི་བ། སླད་ཕྱིན་ཡངས་པའི་ཁམས་ཀུན་ཏུ་ས་འགུལ་ཆུ་ལོག་སོགས་འབྱུང་བ་འཁྲུག་པའི་འགལ་རྐྱེན་ངན་པ་སོགས་གང་ཡང་མི་འབྱུང་བའི་ཆེད་དམིགས།འདི་ག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་བར་ཆོད་ལམ་སེལ་བསྐང་གསོལ་ཕྲིན་བཅོལ་དང་སྨོན་ལམ་མང་ཇའི་མཆོད་འབུལ་ཞུ་བ་ལགས་ནས་དེ་ལུགས་སུ་དགེ་འདུན་འདུས་པ་རྒྱ་མཚོས་ཀྱང་ཐུགས་སྨོན་སྐྱབས་འཇུག་བརྕེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་མི་འདོར་བ་མཁྱེན་མཁྱེན།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས།

སྤྱི་ལོ། ༢༠༡༧ ཟླ་བ། ༨ ཚེས། ༡༢

(སྤྱིའི་གཟིགས་གྲངས། 62 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དབྱིན་ཡུལ་…
error: རྩོམ་འདི་བདག་དབང་ཅན་ཡིན།