ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཉེ་ཆར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་༧མཁན་རིན་པོ་ཆེ་རྣམ་གཉིས་ནས་བོན་ཁྲིད་གནང་བའི་གནས་བསྡུས།

ཉེ་ཆར་འདི་ལོའི་དབྱར་ཁྲིད་ཆེན་མོ་མཇུག་གྲུབ་རྗེས་སླར་ཕྱི་ཟླ་ ༠༨ ཚེས་ ༢༡ ནས་ ༢༦ བར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་བཅས་སྐྱབས་གནས་རྣམས་ཀྱིས་ཧྥ་རན་སིའི་བོན་གྱི་སྒྲུབ་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་ལོ་བསྟར་སྔོན་འགྲོའི་ཁྲིད་གདམས་བཀའ་དྲིན་སྐྱོང་བ་དང་། འཛམ་གླིང་ཤར་ནུབ་གང་ས་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ཀྱིས་ཉིན་རེའི་ཉམས་ལེན་གྱི་རེའུ་མིག་ལྟར་སྔོན་དངོས་རྗེས་གསུམ་གྱི་སྒོ་ནས་བློ་སྦྱོང་དང་། ཐུན་སྦྱོང་སོགས་སྐབས་བབ་ཁྲིད་རིམ་བཞིན་གནད་སྨིན་སྦྱོང་བརྩོན་གནང་བཞིན་སེམས་ཀྱི་ཞི་བདེའི་ངལ་གསོ་ལ་གནས་པར་མཛད། དེ་ལྟར་ཐར་པའི་དེད་དཔོན་དང་། སྙིང་རྗེའི་རང་གཟུགས་སུ་བཞེངས་པའི་བདག་ཅག་གི་འདྲེན་པ་ཆེན་པོ་རྣམ་གཉིས་ཀྱིས་དུས་ཀྱི་སྐར་ཆ་ཙམ་ཡང་ཡན་དུ་མི་བཏང་བར་གཞན་དོན་བྱང་ཆུབ་སེམས་ཀྱི་ལམ་ལ་གཞོལ་ཞིང་། སྒོམ་སྒྲུབ་ཉམས་ལེན་གྱི་རྟོགས་པ་རྒྱུད་ལ་སྨིན་པ་དང་། ལུང་རིག་མན་ངག་གི་མྱོང་གདམས་འགྲོ་ལ་བཞག་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་སུམ་ལྡན་གཡོར་པོ་མེ་དཔལ་དང་། རྗེ་བཙུན་རི་ཁྲོད་ཆེན་པོ། བྲུ་སྟོན་རྒྱལ་བ་གཡུང་དྲུང་གཙོས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་མཛད་བཟང་རྗེས་སུ་བཟུང་ནས་སྐབས་སུ་བབ་པའི་གདམས་ངག་རྣམས་འཆད་ཁྲིད་དང་། ཉམས་ལེན་སྦྲགས་མའི་སྒོ་ནས་སྣོད་ལྡན་སློབ་མ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་སྨིན་ཐབས་སུ་གནང་བའོ།། །།

འཇའ་མེན་དུ་བོན་ཁྲིད་གནང་བ།

འཇའ་མེན།༡དེ་རྗེས་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་སྟོན་འཁོར་དང་བཅས་པ་འཇའ་མེན་དུ་ཕེབས་ནས་ཕྱི་ཚེས་ ༣༠ བར་འཇའ་མེན་དུ་ཡོད་པའི་སློབ་མ་རྣམས་ལ་བོན་ཁྲིད་བཀའ་དྲིན་བསྐྱངས།འཇའ་མེན།༢ དེ་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ལོ་བསྟར་འཇའ་མེན་སློབ་ཚོགས་ཁག་གི་རེ་གསོལ་འདོད་དོན་བཞིན་བོན་ཁྲིད་བཀའ་དྲིན་སྐྱོང་བཞིན་པའི་ཁར་ཕྱི་ལོ་ ༢༠༡༥ ནས་བཟུང་མཁན་རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ཉམས་ལེན་ལ་འཇུག་པ་བདེ་ཕྱིར་ལོ་རེར་དུས་བཞི་ཚིགས་སུ་བཅད་དེ་སྒོམ་གྲྭའི་བཅའ་གཞི་དངོས་སུ་གཏན་ལ་ཕབ་པ་དང་། སློབ་མའི་གྲངས་འབོར་ཡང་བཅད་མཚམས་གནང་། འཇའ་མེན།༤ཐོག་མར་ ༢༠༡༥ ལོར་སྙན་རྒྱུད་སྔོན་འགྲོ་བོན་སྤྱོད་དགུ་རིམ་ལྟར་སྔོན་འགྲོ་བསགས་སྦྱོང་དང་ཉམས་ལེན་སྦྲགས་མའི་སྒོ་ནས་ཉིན་རེའི་རེའུ་མིག་ལྟར་སློབ་ཁྲིད་བཀའ་དྲིན་བསྐྱངས་པ་དང་། དེ་མུས་འདི་ལོར་ ༢༠༡༦ ཡང་སྔར་འཕྲོས་སྔོན་འགྲོའི་ཁྲིད་སྦྱོང་དང་། བློ་སྦྱོང་གནང་གྲུབ་ནས་མཚན་བཅས་སེམས་འཛིན་གྱི་ཁྲིད་གདམས་བསྩལ་ཏེ། བླ་སློབ་ཐུན་མོང་ནས་ཉམས་ལེན་གྱི་གནད་རྣམས་རྒྱུད་ཐོག་ཏུ་འབྱོར་བར་སློབ་བརྩོན་གནང་བའི་གནས་བསྡུས་སུ།

སྲིད་པའི་མིག་གིས་ཕྱི་ལོའི་ ༢༠༡༦ ཟླ་ ༠༩ ཚེས་ ༠༢ ཉིན།

(སྤྱིའི་གཟིགས་གྲངས། 49 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དྲི་བ། གབ་…
error: རྩོམ་འདི་བདག་དབང་ཅན་ཡིན།